དཀར་མཛེས་རྫོང་གིས་བཅིངས་འགྲོལ་དམག་བཙུགས་ནས་ལོ90འཁོར་བའི་རིག་རྩལ་དགོང་ཚོགས་འཚོགས།

ཡེ་ཤེས་ཕན་བདེ།        2017-08-22

ཉེ་ཆར། དཀར་མཛེས་རྫོང་དུ་བཅའ་སྡོད་ཡོད་པའི་དམག་སྡེ་དང་རྫོང་རིག་རྩལ་ཚོགས་པ་གཉིས་ཀྱིས་མཉམ་དུ་བཅིངས་འགྲོལ་དམག་བཙུགས་ནས་ལོ90འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་འཚོགས་ཏེ། དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་མཚོན་པ་རེད།  དགོང་ཚོགས་ནི《ངས་དཀར་མཛེས་ནས་ཁྱེད་རང་སྒུག》ཅེས་པའི་ཞབས་བྲོ་ནས་འགོ་བཙུགས་པ་དང་། དེ་ནས་བྲོ་གཞས《གནས་མཆོག་དཀར་མཛེསདང《དཀར་མཛེས་བ》《བཀྲ་ཤིས་ཤོག》སོགས་ཀྱིས་མ་འོངས་པའི་དཀར་མཛེས་རྫོང་གི་མཛེས་སྡུག་རི་མོ་ཞིག་ལྟད་མོ་བ་ཡོངས་ཀྱི་མིག་ལམ་དུ་བསྐྱལ།  དགོང་ཚོགས་སུ་འཁྲབ་པའི་འཁྲབ་ཚན་གྱི་བརྗོད་དོན་ཟབ་ལ་ཡིད་དབང་འགུགས་ཤུགས་ཆེ་བ་དང་། འཁྲབ་ཚན་ཁག་ལས་དམག་མིས་རླབས་ཆེན་གྱི་རྒྱལ་ཁབ་ལ་བློ་དཀར་སེམས་དཀར་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་རབ་ཏུ་མངོན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་གནད་དོན་དག་བཅོས་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་འདབ་པ་ཤམ་བྷ་ལ་གྲོང་རྡལ་དུ་ཡུལ་སྐོར་ཚོང་རར་གཟིགས་ཞིབ་གནང་སྐབས།
  • དོ་སྣང་ཆེ་བའི་རྩོམ།