བྱ་སྤྱོད་དངོས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུར་བསུ་མ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2017-08-21

      རང་ཁུལ་གྱིས་ཞིང་ཆེན་རིམ་པས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་པའི་གནད་དོན་དག་བཅོས་དང་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གསོ་སྦྱོང་ཚོགས་འདུ་འཚོགས།

      ཉེ་ཆར།  ཁུལ་ཡོངས་ཀྱི་ཞིང་ཆེན་རིམ་པས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་པའི་གནད་དོན་དག་བཅོས་དང་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས་པ་རེད། ཚོགས་ཐོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་གལ་ཆེ་བའི་མཛུབ་སྟོན་གྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།  ཞིང་ཆེན་རིམ་པས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་པའི་གནད་དོན་དག་བཅོས་དང་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་རྒྱུར་བསུ་མ་བྱ་རྒྱུའི་འབྲེལ་ཡོད་ལས་དོན་བཅས་རྫོངགྲོང་ཁྱེརཁག18དང་དུང་དཀར་ལུང་པའི་དོ་དམ་ཅུས།  ཉི་སྟེན་དོ་དམ་ཅུས་ལ་དམིགས་འཛུགས་ཀྱིས་གསོ་སྦྱོང་བྱས་པ་རེད།

      ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།  ཁུལ་ཡོངས་ཀྱི་སྡེ་ཁག་དང་རྫོངགྲོང་ཁྱེརཁག་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་ཀའི་གལ་ཆེ་བའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་། མཐའ་གཅིག་ཏུ་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱ་དགོས།  གནད་དོན་དག་བཅོས་བྱ་རྒྱུར་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་ནས་མཐའ་གཅིག་ཏུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་ལས་དོན་ཡོངས་ཀྱི་ཆེས་གལ་ཆེ་བའི་གནས་སུ་བཞག་ནས་དམ་འཛིན་གང་ལེགས་བྱེད་པ་དང་།  ངེས་པར་དུ་ཞིང་ཆེན་ཁོར་ཡུལ་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་དམིགས་ཏེ་དག་བཅོས་དོན་འཁྱོལ་བྱ་དགོས།།


  • ལེ་ཚན་སྔོན་མ།:ཡུན་ནན་གྱིས་ཁ་བ་དཀར་པོར་རྐང་ཐང་མར་སྐྱོད་པ་སོགས་ཀྱི་ལུས་རྩལ་ཡུལ་སྐོར་གྱི་མིང་བྱང་བཏོད་པ།
  • ལེ་ཚན་རྗེས་མ།:གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་ཞིང་། གནད་དོན་དག་བཅོས་ནན་ཏན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་ཀར་སྐུལ་འདེད་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།