2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

སྐལ་ཐུབ་དང་མཁས་གྲུབ། བདེ་ཆེན། དངོས་གྲུབ།        2017-08-14


2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

   སྤྱི་ཟླ8པའི་ཚེས12ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་གླུ་གར་ཚོགས་པའི་གསར་རྩོམ་འབྲས་བུ་སྟེ་གླུ་གར་འཁྲབ་ཚན་ཆེ་གྲས་ཉི་སྟེན་རིགས་གསུམ་མགོན་པོཞེས་པ་འདབ་པའི་ཉི་སྟེན་ཤམ་བྷ་ལ་གྲོང་རྡལ་གྱི་འཁྲབ་རྩལ་ལྟེ་གནས་སུ་འཁྲབ་པ་རེད། ལྟད་མོ་བ1300ལྷག་ཞུགས་ཡོད།

2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།
2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།
2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

   ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་ཚན་འདི་ནི་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཞིང་བསྡོམས་པས་སྔོན་འགྲོ་དང་བྱམས་པ།ཤེས་རབ། མཐུ་སྟོབས། མཇུག་བསྡུ་བ་བཅས་ལེའུ་ལྔར་བགོས་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡོངས་སུ་མཚོན་པའི་རྨང་གཞིའི་ཐོག  མི་རིགས་ཀྱི་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བའི་ནང་དུ་བསྲེས་ཏེ་འཛམ་གླིང་ཡོངས་ལ་དྲང་ནུས་ཁྱད་པར་བ་ཞིག་བསྒྲགས་པ་རེད།

     ལེའུ་ལྔ་ཡི་བདག་ཉིད་ཅན་གྱི་འཁྲབ་ཚན་དེ་ལས་ང་ཚོས་དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས་དང་དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག་བཅས་རིགས་གསུམ་མགོན་པོས་བྱམས་པ་དང་ཤེས་རབ། མཐུ་སྟོབས་བཅས་འགྲོ་བ་སེམས་ཅན་ལ་བསྩལ་བའི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་བྱམས་སྙིང་རྗེ་དང་དྲང་བདེན་གྱི་མི་གཤིས་སྙིང་ལ་ཟུག་པའི་བོད་རིགས་མི་དམངས་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ཏུ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་དང་།མཐར་སྐྱེ་རྒ་ན་འཆི་ལ་མི་སྐྲག་པའི་མཐུ་སྟོབས་མངའ་ཞིང་འཁོར་བ་ལས་ཐར་བའི་ཐབས་ལ་འབད་པའི་བསྟན་དོན་སྙིང་པོ་དེ་ཤེས་ཐུབ་པ་རེད།

2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།
2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།
2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།
2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

    ཚེས13ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲུབ་འགན་ཁུར་བའི2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་འདབ་པ་ཉི་སྟེན་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་སྣེ་ལེན་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་བ་རེད།

    འགོ་ཚུགས་མཛད་སྒོ་དེ་འཁྲབ་གཞས་སྙན་མོ་ཞིག་གི་ཁྲོད་ནས་འགོ་བཙུགས་པ་དང་། སི་ཁྲོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཝང་དབྱང་གིས་གཙོ་འགན་བཞེས་པ་རེད།  རྒྱལ་ཡོངས་དམངས་ཆེན་གྱི་ནང་སྲིད་ཁྲིམས་འཛིན་ཨུ་ལྷན་གྱི་ཨུ་ཡོན་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱི་ཆེད་འགན་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་པོའི་འགན་བཞེས་མཁན་ལི་ཧུའེ་ཏུང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་འགན་ཀྲུའུ་ཞི་གཞོན་པ་ཀྲེན་ཞའོ་པིང་། ཀྲུང་གོའི་ཡུལ་སྐོར་འཁོར་གྲུ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཀྲེན་མིང་། སི་ཁྲོན་ཞིང་ཆེན་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ཁྲེན་ཀོང་ཧའོ། སི་ཁྲོན་ཞིང་ཆེན་ཐའེ་ཝན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཅུན། ཀོང་ཏུང་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཙེང་དབྱི་རུའུ། ཀོང་ཨན་གྲོང་ཁྱེར་སྲིད་གཞུང་གི་གྲོང་དཔོན་གཞོན་པ་ཝང་དབྱིན། ལིའང་ཧྲན་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཞའོ་ཁྲུན།ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཡན་ཅིན་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་དབུ་ཁྲིད་རྣམས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།


2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

  ཁུལ་འགོ་ཁྲིད་ལིའུ་ཁྲེང་མིང་དང་། ཞའོ་ཡིའུ་ཚའེ། ལི་ཁང་། བྱང་ཆུབ། ལི་ཅང་། བྱམས་བློ། ལི་ཞིང་ཝུན། ཀྲའོ་པོ། ཐེན་ཞའོ་ཀྲེན། ལི་ཀྲི་མིང་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

      འགོ་ཚུགས་མཛད་སྒོའི་ཐོག་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཕུལ་བ་རེད། ཁོང་གིས་དཀར་མཛེས་ཁུལ་ནི་མི་རིགས་མཉམ་འདྲེས་ཀྱི་བརྒྱུད་ལམ་ཡིན་ཞིང་མཛའ་གཞས་རིག་གནས་དང་ཨཀྱ་ཁ་པའི་རིག་གནས། ཆོས་ལུགས་རིག་གནས། གསར་བརྗེའི་རིག་གནས། ཇ་འདྲེན་བདལ་ལམ་རིག་གནས་སོགས་རིག་གནས་སྣ་མང་མཉམ་འདྲེས་བྱུང་བ་ལསདར་མདོའི་མཛའ་གཞསདངགླིང་གེ་སར་རྒྱལ་པོའི་སྒྲུངདེ་མིན་གངས་ལྗོངས་རིག་གནས་གཏེར་མཛོད་དེ་སྡེ་དགེའི་པར་ཁང་སོགས་ཉམས་མེད་ཀྱི་རིག་གནས་ཤུལ་རྫས་བསྐྲུན་ཡོད་པ་དང་། འོད་སྟོང་འཕྲོས་པའི་ཁམས་པའི་རིག་གནས་བསྐྲུན་ཡོད། དེ་དང་ཆབས་ཅིག་ཁམས་པའི་མི་དམངས་ཀྱི་ལས་ལ་བརྩོན་ཞིང་ཤེས་རབ་མངའ་བ་དང་། སྙིང་སྟོབས་ཆེ་ཞིང་ཁོག་རྒྱ་ཡངས་པ། ཆགས་སྡང་གསལ་བ་བཅས་ཀྱི་གཤིས་རྒྱུད་ཡོངས་སུ་གྲུབ་ཅིང་དུས་དང་རྣམ་པ་ཀུན་ཏུ་བརྩི་བཀུར་དང་ཁོག་ཡངས། སྒོ་འབྱེད། གསར་སྐྲུན་གྱི་མི་རིགས་སྙིང་སྟོབས་མངོན་དང་མངོན་བཞིན་ཡོད་ཅེས་གསུངས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ནི་སྣོད་བཅུད་ཐོན་ཁུངས་ཀྱི་གཏེར་མཛོད་ལྟ་བུ་ཡིན་ཞིང་། འཛམ་གླིང་ཐོག་རང་བྱུང་གི་སྐྱེ་ཁམས་ཆ་ཚང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། རྩྭ་ར་དང་ནགས་ཚལ་གྱིས་ཁེབས་ཚད་བརྒྱ་ཆ97ལ་ཟིན་པ་དང་། ཀྲུང་ཧྭའི་ཆུ་གསོག་མཛོད་ཁུངས་དང་རྒྱལ་ཁབ་ཀྱི་གཙོ་ནུས་ཐོན་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་དུང་དཀར་མཛེས་ནི་རི་ཀླུང་ཡུལ་སྐོར་གྱི་ཞིང་ཁམས་ཡིན་ཞིང་། མཚོ་བོད་མཐོ་སྒང་ནས་སི་ཁྲོན་གཤོང་སའི་བར་བརྒལ་ཁུལ་གྱི་རང་བྱུང་གི་མཛེས་སྡུག་གཅིག་ཏུ་བསྡུས་པ་དང་། ཤམ་བྷ་ལའི་རྩེ་མོར་འགྱིང་པའི་གངས་དཀར་རི་བོའི་བརྗིད་ཉམས། ཤམ་བྷ་ལའི་བླ་སྲོག་ལྟ་བུའི་འདབ་པ་ཉི་སྟེན་གྱི་ངོ་མཚར་གྱི་མཛེས་སྡུག   འཛམ་གླིང་གི་ས་བབ་ཆེས་དམའ་ཤོས་ཀྱི་འཁྱགས་ཀླུང་གླིང་ག་དུང་དཀར་ལུང་པའི་བརྗིད་ཉམས་དང་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་གསེབ་བརྒྱ་རྒྱུད་བོད་གྲོང་གི་གནའ་ཉམས་སོགས་རང་བྱུང་ཡུལ་ལྗོངས་ཀྱི་མཛེས་སྡུག་གཅིག་ཏུ་སྤུངས་པས་ས་ཡི་གོ་ལའི་སྟེང་གི་ཆེས་མཐའ་མའི་གནས་མཆོག་ཅེས་འབོད་བཞིན་ཡོད་ཅེས་གསུངས།

2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

   ཞའོ་ཡིའུ་ཚའེ་ཡིས་སྔར་ལྷག་གིས་དཀར་མཛེས་རི་ཀླུང་ཡུལ་སྐོར་གྱི་ཟོང་རྟགས་དང་འདབ་པའི་ཉི་སྟེན་རྒྱལ་སྤྱིའི་རི་ཀླུང་ཡུལ་སྐོར་བྱེད་ཡུལ་དུ་འཛུགས་སྐྲུན་བྱེད་པ་དང་། དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་རྒྱུན་སྲིང་འཕེལ་རྒྱས་གཏོང་ཆེད་ལས་སྨོན་བཟང་པོས་བསྐུལ་བའི་འོག་ཏུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དངGSTCསྟེ་འཛམ་གླིང་རྒྱུན་སྲིང་ཅན་གྱི་ཡུལ་སྐོར་ཨུ་ཡོན་ལྷན་ཚོགས་དངPATAཏེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་དངའཐབ་ཇུས་མཉམ་ལས་གྲོས་མོལགཞག་རྒྱུ་ཡིན་ཞིང་། འཛམ་གླིང་དུ་དྲིལ་བསྒྲགས་ཁྱབ་སྤེལ་དང་ཡུལ་སྐོར་ལས་གཞི་གསར་སྤེལ། ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཁྱབ་ཁོངས་དུ་མར་མཉམ་ལས་སྤེལ་རེས་བྱ་ཆོག་པ་རེད་ཅེས་གསུངས་པ་རེད།

  འགོ་ཚུགས་མཛད་སྒོའི་ཐོག་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་འཛམ་གླིང་རྒྱུན་སྲིང་ཅན་གྱི་ཡུལ་སྐོར་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ལུའུ་དབྱི་ཅེ·ཁ་པི་ལི་ཉི། དེ་སྔོན་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་ཞབས་ཨན་ཏེ་ལུའུ·ཆུང་སི་རྣམ་གཉིས་དངའཐབ་ཇུས་མཉམ་ལས་གྲོས་མོལབཞག་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་འཛམ་གླིང་རྒྱུན་སྲིང་ཅན་གྱི་ཡུལ་སྐོར་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཉམ་འབྲེལ་རྒྱལ་ཁབ་ཡུལ་སྐོར་རྩ་འཛུགས་ཀྱི་བློ་འདྲི་བ་སྐུ་ཞབས་ལུའུ་དབྱི་ཅེ·ཁ་པི་ལི་ཉི་ཡིས་ཤིས་ཚིག་ཕུལ་བ་དང་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གསར་པ་བཏོན་པ་རེད།

2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན།

   འགོ་ཚུགས་མཛད་སྒོའི་ཐོགའདི་ནི་ངའི་འཇིག་རྟེན་ཡིནཞེས་པའི2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་རྣམ་པ་དྲིལ་བསྒྲགས་གློག་བརྙན་བཏང་བ་རེད།

  དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས2017ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

   འགོ་ཚུགས་མཛད་སྒོའི་ཐོག་དཀར་མཛེས་ཁུལ་གླུ་གར་ཚོགས་པས་ཞབས་བྲོ་ཆེ་གྲས་ཏེགནས་མཆོག་དཀར་མཛེསཞེས་པ་འཁྲབ་པ་རེད།། 


  • ལེ་ཚན་སྔོན་མ།:2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
  • ལེ་ཚན་རྗེས་མ།:གླུ་གར་འཁྲབ་ཚན་ཆེ་གྲས༼ ཉི་སྟེན་རིགས་གསུམ་མགོན་པོ༽འདབ་པ་རྫོང་དུ་འཁྲབ།
  • དོ་སྣང་ཆེ་བའི་རྩོམ།