རང་ཁུལ་གྱིས་འཐབ་ཇུས་ཆེན་པོ་དྲུག་གི་ལས་དོན་སྐུལ་འདེད་གཏོང་བའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་འཚོགས།

        2017-07-25

ཉེ་ཆར། ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལ་སྐུལ་འདེད་གཏང་རྒྱུ་དང་དབུལ་ཐར་འབྱོར་འབྲིང་གི་སྤྱི་ལེ་བརྒྱའི་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་གནས་ཚུལ་གྱི་རྒྱུད་རིམ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་དེ་དར་མདོར་འཚོགས་པ་རེད།  ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས།  ནགས་ལས་ཅུས་བཅས་ནས་ཡོང་བའི་འབྲེལ་ཡོད་འགན་ཁུར་བས་འགྲིམ་འགྲུལ་སྔོན་སྤེལ་དང་གྲོང་ཡུལ་རིམ་སྤོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་སྐུལ་འདེད་གཏོང་བའི་གནས་ཚུལ་སྨྱན་སྦྱོར་ལས་ཁུངས་ལ་ངོ་སྤྲོད་བྱས་པ་རེད།

ད་ལོ་ནས་བཟུང་།  རང་ཁུལ་གྱིས་འགྲིམ་འགྲུལ་སྔོན་སྤེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་གཏོང་ཞིང་།  ལས་གཞིར་མ་དངུལ་གཏང་རྒྱུ་དམ་འཛིན་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར100ཡན་ཀྱི་འཆར་གཞི་ལེགས་འགྲུབ་བྱུང་ཐུབ་པར་བྱས་ནས། བསྟུད་མར་ལོ5མ་དངུལ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བར་མངོན་འགྱུར་བྱེད་པ་དང་འགྲིམ་འགྲུལ་འཛུགས་སྐྲུན་གྱི་འགག་སྒྲོལ་ལས་ཀ་ཡག་མོ་བསྒྲུབས་ཡོད།  རྗེས་མར་རང་ཁུལ་གྱིས་ལས་གཞི་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་བྱ་རྒྱུ་གཙོ་གནད་དུ་བཞག་ནས། མུ་མཐུད་ནས་བརྟན་ཐོག་ཡར་འཕར་དང་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས།  བདེ་འཇགས་འགན་ལེན། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་ཧྲིལ་པོའི་འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུར་མ་དངུལ་སྒོར་དུང་ཕྱུར100ཡན་ཆད་བཏང་བར་འགན་ལེན་བྱས་ཏེ།  ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་སྲུང་བརྟན་པོ་བྱ་རྒྱུ་རེད།


  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་ཅུས་ཀྱིས་ཆུ་འབྲུབ་པའི་དུས་སྐབས་ཀྱི་བཟའ་བཅའ་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྤྱི་ཁྱབ་ཆུ་དཔོན་གཞུང་ལས་ཁང་གི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།