ཁུལ་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ སློབ་སྦྱོང་དང་ལག་བསྟར་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2020-06-10

     ཉེ་ཆར། ཁུལ་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། གདེང་ཚོད་བཞི་ཇེ་བརྟན་དུ་གཏོང་ཞིང་། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་བྱས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལས་ཀའི་བླང་བྱ་ཁག་དཀར་མཛེས་ཁུལ་ལ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས་ཞེས་འབོད་སྐུལ་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་གསུང་གནང་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གྱི་ངོ་བོ་འཆུག་མེད་ཁོང་དུ་ཆུད་པ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱ་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ལས་བྱུང་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏང་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་ཡག་པོ་དང་སློབ་སྦྱོང་ཡག་པོ། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ས་གནས་ཁག་གི་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་བསླངས་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གོ་བ་ཡག་མོ་བླངས་ཤིང་དོན་འཁྱོལ་མཐར་ཕྱིན་པ་བྱ་དགོས།

   ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དཀར་མཛེས་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཆེད་དོན་བཅོས་སྐྱོང་ལས་དོན་སྤེལ་ཚུལ་དང་དེར་བཞིན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།

    གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་འཚུབ་བསྟུན་དོ་དམ་དང་ཉེན་མེད་ཐོན་སྐྱེད། གནོད་འགོག་གནོད་སེལ་རྒུད་སྐྱོབ་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བཅས་ཀྱི་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དེ་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་བཅོས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་དགོས་པ་དང་། གནད་དོན་ཐག་གཅོད་བྱ་རྒྱུའི་ཁྲིད་ཕྱོགས་དང་དམིགས་ཡུལ་འགྲུབ་རྒྱུའི་ཁྲིད་ཕྱོགས། གྲུབ་འབྲས་འཐོབ་རྒྱུའི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་པར་བརྟེན། ལྟ་སྐུལ་ཁྲིད་སྟོན་ཚོགས་ཆུང་གིས་ལྡོག་ལེན་བྱས་པའི་གནད་དོན་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ་ཕྱིན་ཆད་ཀྱི་ལས་དོན་ཡག་མོ་ཏན་ཏིག་བསྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ལྟ་སྐུལ་ཁྲིད་སྟོན་ཚོགས་ཆུང་གི་ལས་འགན་བཀོད་སྒྲིག་ལ་དང་ལེན་མཐའ་གཅིག་ཏུ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་ཏན་ཏིག་བྱས་ཏེ་མེའི་འབྱུང་ཁུངས་དོ་དམ་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཆེད་ལས་སྟོབས་ཤུགས་མ་ལག་འཛུགས་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས། ཉེན་ཁ་སྔོན་འགོག་བྱེད་པའི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་བསྒྲུབས་ཏེ་གནོད་འགོག་སྔོན་ཇུས་དང་ཡུལ་མི་ཁ་བཀྲམ་ནས་བཀོད་སྒྲིག་བྱེད་པའི་ཇུས་གཞི་ལེགས་སུ་གཏོང་བ་དང་། འགོག་བཅོས་བྱ་ཐབས་ཞིབ་ཕྲ་བཟོས་ཏེ་འཚུབ་བསྟུན་དངོས་ཟོག་དང་འཚུབ་བསྟུན་ནུས་ཤུགས་གྲ་སྒྲིག་འགན་ལེན་བྱ་དགོས།

     ཚོགས་འདུའི་ཐོག་ཁུལ་ཨུའི་སྐབས་བཅུ་གཅིག་པའི་སྐོར་སྐྱོད་ཞིབ་བཤེར་རེས་སྐོར་བདུན་པའི་སྐོར་བཤེར་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང《སྐོར་གཟིགས་སྐོར་བཤེར་གྱི་ལྡོག་ལེན་གནད་དོན་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བའི་བཅོས་སྐྱོང་སྣ་བཅུའི་ལག་བསྟར་ཇུས་གཞི(ཞིབ་བཤེར་བྱ་རྒྱུར་ཕུལ་བའི་མ་ཟིན)》ལ་ཞིབ་བཤེར་གཏན་འབེབས་བྱས་པ་རེད།།



  • ལེ་ཚན་སྔོན་མ།:གཞན་གསོས་བུ་མོའི་ཞོགས་གླུ།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར1.5བཏང་ནས་རང་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད།
  • དོ་སྣང་ཆེ་བའི་རྩོམ།