རོང་བྲག་རྫོང་གིས་ཐུམ་འབུའི་ནད་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་ཀ་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2017-07-13

ཉེ་ཆར། རོང་བྲག་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་རྫོང་གི་གྲོང་ཁུལ་གྱི་སློབ་ཆུང་དང་པོར་ཕྱིན་ནས་སློབ་གྲྭ་དེའི་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་ཆུང་སློང་མ619ལ་རིན་པ་མི་དགོས་པར་ཐུམ་འབུའི་ནད་ལBའདས་སྒྲ་ཡིས་ནད་བརྟག་བྱས་པ་རེད།

ནད་བརྟག་བྱེད་རིང་དུ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་དགེ་སློབ་ཡོངས་ལ་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱས་ཤིང་། གསོན་ཉམས་ལྡན་པའི་དངོས་དཔེའི་ཐོག་ནས་རྒྱུ་སྲིན་ལེབ་མོ་དང་ཐུམ་འབུས་མིའི་ལུས་ཁམས་ལ་གནོད་འཚེ་གཏོང་ཚུལ་ངོ་སྤྲོད་བྱས་ནས།  སློབ་མ་ཚོར་ཐུམ་འབུ་དང་རྒྱུ་སྲིད་ལེབ་མོའི་ནད་ཕོག་ཚུལ་དང་། འགོས་ནད་ཡོང་ཁུངས་དང་འགོག་བཅོས་བྱེད་ཐབས་སོགས་རྒྱུས་ལོན་བྱེད་བཅུག་པ་རེད།  ཆེད་དོན་འཆད་ཁྲིད་མཇུག་སྒྲིལ་རྗེས་སློབ་མ་ཚོར་དགེ་རྒན་གྱི་སྣེ་ཁྲིད་འོག་ཡངBའདས་སྒྲ་ཡིས་ནད་བརྟག་བྱས་པ་རེད།

ཐེངས་འདིར་རིན་པ་མི་དགོས་པརBའདས་སྒྲ་ཡིས་ནད་བརྟག་བྱེད་པའི་བྱེད་སྒོ་སྤེལ་བ་དེར་སློབ་གྲྭ་དེའི་དགེ་སློབ་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལས་སྒུག་མི་སྣ་ཡུལ་དངོས་སུ་གདན་ཞུ་བྱས་ནས་ལས་ཞུགས་དབུལ་སྐྱོར་བྱེད་པའི་འདུ་ཚོགས་གཉེར།
  • ལེ་ཚན་རྗེས་མ།:མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།
  • དོ་སྣང་ཆེ་བའི་རྩོམ།