རྟའུ་རྫོང་གི་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ལས་སྣོན་གླིང་ཁུལ་འཛུགས་སྐྲུན་ལོ་མཇུག་ལ་ལེགས་གྲུབ་བྱུང་རེ་ཡོད།

        2020-05-28

ཉེ་ཆར། རྟའུ་རྫོང་གིས2020ལོའི་གལ་ཆེ་བའི་ལས་གཞི་ཚན་པ་དང་པོ་གཅིག་བསྡུས་ལས་མགོ་འཛུགས་པ་དང་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ལས་སྣོན་གླིང་ཁུལ་གྱི་འཛུགས་སྐྲུན་ལས་གཞི་ལས་མགོ་འཛུགས་པའི་མཛད་སྒོ་དེ་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ལས་སྣོན་གླིང་ཁུལ་དུ་སྤེལ་བ་རེད། འདི་ནི་རྟའུ་རྫོང་གིས2020ལོར་ལས་མགོ་ཚུགས་པའི་ལས་གཞི་གལ་ཆེན52ཀྱི་འཛུགས་སྐྲུན་ཆེན་པོ་མགོ་ཚུགས་པའི་མཚོན་ཚུལ་ཞིག་རེད། 

    ད་ཐེངས་གསར་དུ་ལས་མགོ་ཚུགས་པའི་ལས་གཞི52ལ་དངུལ་སྒོར་བསྡོམས་འབོར་སྒོར་དུང་ཕྱུར8.39བཏང་བ་དེ་རྨང་གཞིའི་སྒྲིག་བཀོད་རིགས་དང་ཐོན་ལས་རིགས། སྐྱེ་ཁམས་རིགས། དམངས་འཚོའི་རིགས་བཅས་རིགས་ཆེན་པོ་བཞི་དང་འབྲེལ་བ་ཡོད་པ་རེད། རྒྱལ་སྲུང་གཞུང་ལམ350པའི་དབྱི་རི་ཟམ་ཆེན་འགྲམ་བརྒྱུད་ཀྱི་རྫོང་ཞིང་ལས་ཁྱད་ཆོས་ཐོན་རྫས་ལས་སྣོན་གླིང་ཁུལ་ནི་རྟའུ་རྫོང་གིས་ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བ་དང་། ཚོང་འགུགས་དངུལ་འདྲེན་གྱི་གཞི་རྟེན་གལ་ཆེན་དོན་འཁྱོལ་བྱེད་པའི་ལས་སྟེགས་གསར་པ་ཞིག་རེད། དུས་རིམ་གཉིས་ལ་བགོས་ནས་བསྐྲུན་རྒྱུའི་གླིང་ཁུལ་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི8547བཏང་ནས་ས་ཞིང་མུའུ547.69སྤྱད་རྒྱུའི་འཆར་གཞི་ཡིན་ཞིང་།    མིག་སྔར་དུས་རིམ་དང་པོའི་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྨི་གྲུ་བཞི་མ6000ཡོད་པའི་ཚད་ལྡན་བཟོ་གྲྭ་ཁང་པའི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཚུད་ཡོད་ཅིང་། སྔོན་ཚོད་བྱས་ན་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་སུ་གྲུབ་པས་མ་ཚད། བེད་སྤྱོད་གཏོང་མགོ་ཚུགས་རྒྱུ་རེད། མིག་སྔར་ཁེ་ལས་གཉིས་གླིང་ཁུལ་དུ་བཅའ་སྡོད་བྱས་ནས་ཨར་ལས་བྱེད་བཞིན་ཡོད་པ་དང་ས་གནས་དེ་གའི་ཁེ་ལས7གྱིས་ངོ་འཕྲད་གྲོས་མོལ་བྱེད་བཞིན་ཡོད་པ་རེད། 

    ལས་མགོ་ཚུགས་པའི་མཛད་སྒོར་ཞུགས་མཁན་མང་ཚོགས་ཀྱི་འཐུས་མི་དངོས་གྲུབ་རྒྱལ་མཚན་གྱིས་ཞིང་ལས་ཐོན་རྫས་ལས་སྣོན་གླིང་ཁུལ་ཡོད་ན་སྒོ་འགྲམ་དུ་ཞིང་ལས་ཐོན་རྫས་འཚོང་བྲིན་པར་མ་ཟད།ད་དུང་ལས་ཀར་ཞུགས་ནས་སྒོར་མོ་བཙལ་རྒྱུ་རག་པས་ཕྱི་རུ་ཞོར་ལས་འཚོལ་སར་འགྲོ་བ་ལས་དགའ་ཞིང་། ང་ཚོས་དབུལ་ཐར་འབྱོར་འབྲིང་ཡོང་བར་གདེང་ཚོད་དེ་བས་ཆེན་པོ་ཡོད་ཅེས་ཡི་རང་བའི་ངང་ནས་དེ་ལྟར་བཤད་པ་རེད། 

ཡེ་ཤེས་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:ཁྱད་ལྡན་ཐོན་རྫས་དང་མི་རིགས་སྤུས་རྟགས་མཉམ་འདྲེས་འཛུགས་སྐྱོང་བྱེད།
  • ལེ་ཚན་རྗེས་མ།:དབུལ་ཐར་དམག་འཐབ་ལས་རྒྱལ་ཁ་ཡང་ཡང་ཐོབ།། དཀར་མཛེས་བོད་ཁུལ་དུ་རྣམ་པ་གསར་པ་མངོན།།
  • དོ་སྣང་ཆེ་བའི་རྩོམ།