རང་ཁུལ་གྱི་བྱ་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་བདེ་ཐང་དབུལ་སྐྱོར་དངོས་འཛིན་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2017-06-26

ད་ལོར་རང་ཁུལ་གྱིས་བདེ་ཐང་དབུལ་སྐྱོར་ལས་ཀར་དེ་གཙོ་གནད་དུ་དབུལ་ཕོངས་མི་འབོར་ལ་སྨན་བཅོས་རོགས་སྐྱོབ་དང་རོགས་སྐྱོར་བྱ་སྤྱོད་དང་དབུལ་ཕོངས་མི་འབོར་གྱི་སྤྱི་པའི་འཕྲོད་བསྟེན་འགན་ལེན་བྱ་སྤྱོད། དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་ནུས་པ་མཐོར་འདེགས་བྱ་སྤྱོད། དབུལ་ཕོངས་ས་ཁུལ་གྱི་འཕྲོད་བསྟེན་ལས་རིགས་ཀྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱ་སྤྱོད། དབུལ་ཕོངས་ས་ཁུལ་གྱི་བུ་བཙའ་སྒྲིག་ལམ་བཅོས་སྐྱོང་བྱ་སྤྱོད་བཅས་ལྔ་ལག་ལེན་ཤུགས་ཆེན་བསྟར་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཤུགས་ཆེན་པོ་ལག་བསྟར་བྱ་དགོས་པ་ལྔ་དེ་དབུལ་ཕོངས་ནད་པ་ཤན་འབྱེད་ངོས་འཛིན་གནད་ལ་སྨིན་པ་དང་ནད་ཆེན་ཆེད་དམིགས་རོགས་སྐྱོབ་ལས་ཀ་འཐུས་སྒོ་ཚང་དུ་གཏོང་བར་བརྒྱུད་ནས་ཁྱོན་ཡོངས་ནས་མི་དགོས་པ་བཅུ་དང་བཞིར་ཁ་གསབ་བྱེད་པའི་སྲིད་ཇུས་དོན་ཐོག་འཁྱོལ་བ་བྱས་ཤིང་། དབུལ་ཕོངས་མི་འབོར་གྱི་རིན་མི་དགོས་པས་ལུས་པོ་བདེ་ཐང་ཞིབ་བཤེར་དང་རྩ་བའི་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་ལག་བསྟར་གནད་ལ་སྨིན་པ་བྱས་ནས་ཁུལ་ཡོངས་སུ་འགོ་ནད་ཕོག་ཚད་དམའ་རུ་ཕྱིན་པ་རེད། དམིགས་ཡོད་རང་བཞིན་གྱི་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དྲེག་གྲུམ་དང་ཐོགས་འགག་རང་བཞིན་གྱི་གློ་བའི་ནད། ས་མཐོའི་སྙིང་ནད་ནད་པའི་དོ་དམ་ལས་ཀ་ཡག་མོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས་བདེ་ཐང་གི་འཚོ་བ་རོལ་སྟངས་ཆགས་སུ་བཅུག་པ་རེད།

གཞན་ཡང་ད་ལོའི་བདེ་ཐང་དབུལ་སྐྱོར་ལས་ཀ་རྒྱུན་སྲིང་ངང་བརྟན་པོ་ཡོང་བར་འགན་སྲུང་བྱ་ཆེད། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་རྫོངགྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་ལ་སྔར་ལྷག་གིས་ངོས་འཛིན་མཐོ་རུ་བཏང་ནས་བདེ་ཐང་དབུལ་སྐྱོར་ལས་ཀའི་དགོས་གཏུག་རང་བཞིན་དང་འགན་འཁྲི་ཁུར་སེམས་ཆེ་རུ་བསྣན་ཞིང་།འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་འགན་འཁྲི་དོན་ཐོག་འཁྱོལ་བ་བྱ་དགོས་པ་དང་།  གཞན་ཡང་འཕྲོད་བསྟེན་འཆར་ལྡན་བུ་བཙའི་བྱ་གཞག་གི་འཕེལ་རྒྱས་འཆར་འགོད་དང་དབུལ་སྐྱོར་ལས་ཀའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་ཞིང་། ཕན་ཡུན་རིང་བའི་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྨན་བཅོས་འཕྲོད་བསྟེན་གནད་སྨིན་དབུལ་སྐྱོར་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་ཞིང་། དཔྱད་ཞིབ་བྱས་ནས་བྱ་དགའ་དང་ཆད་གཅོད་ནན་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཆུ་ལོག་དྲག་པོའི་གྲོག་རོང་དུ། ཏང་གི་དར་དམར་ལྷབ་ལྷུབ་གཡོ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་སར་བྱེད་སྒོ་རིགས་བཞི་སྤེལ།
  • དོ་སྣང་ཆེ་བའི་རྩོམ།