སེམས་ཤུགས་གཅིག་སྒྲིམ་བྱས་ནས་ཆུ་ལོག་འགོག དམངས་ཀྱི་ཚེ་སྲོག་ཉེན་མེད་འགན་སྲུང་བྱས།

ཀུན་དགས་བསྒྱུར། )        2017-06-26

སྨྱུག་འཛིན་པས་ཉེ་ཆར་རོང་བྲག་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན། རྫོང་དེར་ཆུ་ལོག་བྱུང་ནས་ཤང་དང་གྲོང་རྡལ15ཡི་གྲོང་སྡེ92ཀྱི་མི་གྲངས31474ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་པ་དང་། ཞིང་ལས་དང་། འགྲིམ་འགྲུལ། ཆུ་བེད། གློག་ཤུགས བརྡ་འཕྲིན་སོགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆན་ཐེབས་ཡོད། གཞོན་ནུ་དར་མ་མི་སྟོང་ལྷག་ཆུ་ལོག་འགོག་སྐྱོབ་བྱེད་སའི་ལས་གྲྭ་དང་པོར་ཞུགས་ནས་རང་སྐྱོབ་བྱས་དང་བྱེད་བཞིན་ཡོད་པ་རེད།

རོང་བྲག་རྫོང་ཆུ་བེད་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་གཞི་གྲངས་ཐོག་ནས་མཚོན་པར་གཞིགས་ན། སྤྱི་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོའི་ཆུ་ཚོད4དང་སྐར་མ46ཐོག་རྒྱལ་མོ་རྔུལ་ཆུའི་ཆུ་ཁ་མཐོ་ཚད་སྨི2285.3ཡོད་པ་དང་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ4640ཡིན་ཞིང་། ཆུ་ཁ་མཐོ་ཚད་ཉེན་ཟོན་ཐིག་ཚད་ལས་སྨི1.34བརྒལ་བ་དང་བཞུར་ཚད་ཉེན་ཟོན་ཐིག་ཚད་ལས630བརྒལ་བ་རེད། ཆུ་ཆེན་ཆུ་བོའི་ཆུ་ཁའི་མཐོ་ཚད་སྨི45.94ཡིན་པ་དང་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ3320ཡིན་ཞིང་།མཐོ་ཚད་ཉེན་ཟོན་ལས་སྨི0.06བརྒལ་བ་དང་བཞུར་ཐིག་ཚད་ལས་སྨི་རྒྱ་དཔངས་གྲུ་བཞི་མ280བརྒལ་བ་རེད། བཙན་ལྷ་གཙང་ཆུའི་ཆུ་ཁ་མཐོ་ཚད་སྨི2299.88ཡོད་པ་དང་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ459ཡིན་ཞིང་། ཆུ་ཁ་མཐོ་ཚད་ཉེན་ཟོན་ཐིག་ཚད་ལས་སྨི0.08བརྒལ་བ་དང་བཞུར་ཚད་ཉེན་ཟོན་ལས་སྨི་རྒྱ་དཔངས་གྲུ་བཞི་མ22བརྒལ་བ་རེད།

རོང་བྲག་རྫོང་གིས་འདོན་སྤྲོད་བྱས་པའི་གནོད་སྐྱོན་གནས་ཚུལ་ཐོག་ནས་མཚོན་དོན།    རྫོང་འདིའི་ཤང་དང་གྲོང་བརྡལ15ཡི་གྲོང་སྡེ92ཀྱི་མི་གྲངས31474ལ་རིམ་པ་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད། ཞིང་ལས་དང་འགྲིམ་འགྲུལ།ཆུ་བེད། གློག་ནུས། བརྡ་འཕྲིན་བཅས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་པ་དང་།  རྒྱལ་སྲུང་གཞུང་ལམ350པ་བཙན་ལྷ་ནས་རོང་བྲག་བར་དང་ཞིང་ཆེན་རིམ་པའི་གཞུང་ལམ217པ་འགག་ཟུར་ནས་རོང་བྲག་བར། རྒྱལ་སྲུང་གཞུང་ལམ248པ་བསིལ་ས་ནས་རོང་བྲག་བར་གྱི་གཞུང་ལམ་ལ་ཆད་སྐྱོན་བྱུང་ཡོད་པ་རེད།  གཞུང་ལམ་སྤྱི་ལེ35དང་ཤང་བགྲོད་འགྱིག་སྣུམ་གཞུང་ལམ་སྤྱི་ལེ32 གྲོང་བགྲོད་གཞུང་ལམ་སྤྱི་ལེ75 ཟམ་པ་ཆེ་ཆུང23གཏོར་བརླག་ཐེབས་པ་རེད། ཆུ་ལོག་ཁྲོད་བཏུང་ཆུ་དང་ཆུ་འགྲོ་སྦུ་གུ་སོགས་སྦུ་གུ21གི་རིང་ཚད་སྨི33960ལ་གཏོར་བརླག་ཐེབས་པ་དང་། རྫོང་གི་གྲོང་ཁུལ་གྱི་བྱེ་མ་ཐང་ནས་ཆུ་ཁའི་ལམ་མདོ་བར་གྱི་གཞུང་ལམ་གྱི་ལམ་གཞིར་གས་ཆག་འགྲོ་ཡོད། གྲོང་ཁུལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ1དང་བཙོག་ཆུ་ཐག་གཅོད་ས་ཚུགས1ལ་གཏོར་བརླག་ཐེབས་པས་མ་ཚད་དམངས་སྤྱོད་སྡོད་ཁང5དང་ཆུ་གསུམ་མདོ་སྣུམ་སྣོན་ས་ཚུགས་ཆུ་ལོག་གིས་བཀབ་ཡོད།  ད་དུང་གྲོང་སྡེའི་གློག་འདོན་ས་ཚུགས1གཏོར་བརླག་ཐེབས་པ་རེད།

ཐེངས་འདིའི་ཆུ་ལོག་ཁྲོད་ས་གནས་དེ་གའི་ས་ཞིང་མུའུ་ཁྲི6500ལ་གནོད་འཚེ་ཐེབས་པ་དང་ཕྱུགས་རིགས30ལྷག་ཤི་བས་མ་ཚད་ཁྱིམ་བྱ་གསོ་སྤེལ་ར་བ1བསྣུབས་པ་རེད།  ཁྱིམ་བྱ་རིགས360ཤི་བ། ཉར་ཚགས་མཛོད་ཁང1དང་ཁུག་བྱུག་ཤ་མོའི་རྟེན་གཞི1གི་ཆུ་འདྲེན་སྦུ་གུ་སྨི2000 ཞིང་ཆུ་འདྲེན་སའི་སྦུ་གུ་སྨི2400བཅས་གཏོར་བརླག་བྱུང་ཡོད་པས་ཚོད་རྩིས་བྱས་པར་ལ་གཞིགས་ན་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར6.8ལ་ཟིན་པ་རེད།   གནོད་སྐྱོན་བྱུང་རྗེས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།དྲུང་ཡིག་ཆེན་མོ་ཝང་མིང་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་མགྱོགས་མྱུར་དུ་མཆན་བཀོད་མཛུབ་སྟོན་གནང་བ།  མེ་ཧྲན་དུ་གཞུང་དོན་དུ་འགྲོ་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁ་པར་ཐོག་ནས་བཀོད་སྒྲིག་བྱས་ཏེ་ཁུལ་དཔོན་གཞོན་པ་ཀྲེན་ཐཱན་ཆང་ཆུ་ལོག་གནོད་སྐྱོན་ཐེབས་ཡུལ་དངོས་སུ་བཛུབ་སྟོན་གནང་བར་ཕེབས་པས་མ་ཚད་རོགས་སྐྱོར་དངོས་རྫས་ཡུལ་དངོས་སུ་བསྐྱལ་བ་རེད།

མིག་སྔར། དྲག་ཆས་ཉེན་རྟོག་དམག་དཔུང་དང་སྤྱི་བདེ། ཡུལ་དམག གཞོན་ནུ་དར་མའི་ལས་བྱེད་པ་སོགས་མི1000ལྷག་ཆུ་ལོག་གནོད་སྐྱོན་ཐེབས་ཡུལ་དུ་འོང་ནས་ནུས་ཤུགས་གང་ཡོད་ཀྱིས་ཆུ་འགོག་གནོད་སྐྱོབ་ཀྱི་ལས་ཀར་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་དབོན་པོ་སྟོད་ཤང་བཀྲ་ཤིས་སྟོན་སྡེའི་གཡུ་འབན་ལུང་ཚོ་ཆུང་དུ་དབུལ་ཐར་གྱི་གྲོང་བགྲོད་གཞུང་ལམ་བསྐྲུན།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཆུ་ལོག་སྔོན་འགོག་གི་ལས་ཀ་ལྷོད་མེད་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།