ཡེ་ཤེས་ཀྱིས་བསྒྱུར། 2020-05-19
ཧོང་ཅན་ཐོག་མར་རྨ་དཀར་ཐང་གྲོང་སྡེར་སླེབས་སྐབས་ཉིན་ལྟར་སེམས་ཁྲལ་བྱེད་དགོས་ཐུག་པ་རེད། ཅིའི་ཕྱིར།གྲོང་སྡེའི་ཆེས་དམའ་བའི་ས་བབ་ཀྱང་མཚོ་འཕགས་སྨི3500ལས་བརྒལ་ཞིང་། ཕྱོགས་བཞི་ཚང་མ་རི་ཀླུང་ནགས་ཁྲོད་ཡིན་པ་རེད། ཁོས་ཇི་ལྟར་བྱས་ནས་རི་གྲོང་གི་ཞན་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་རྒྱུའི་ཐད་རྒྱུན་དུ་བསམ་གཞིགས་བྱས་པ་རེད།
དབུལ་སྐྱོར་གྱི་ལས་ཡུལ་དང་པོར་བྲེལ་བ་ག་ཚོད་ཆེ་ནའང་སྦྱོང་བརྩོན་རྒྱུན་སྐྱོང་བྱ་རྒྱུ་དོར་མི་ཉན། ལག་ལེན་ཁྲོད་འཚོལ་ཞིབ་བྱེད་པ་ཕུད། ད་དུང་དཔེ་ཆ་བལྟས་ནས་སློབ་སྦྱོང་ཁྲོད་དུ་གྲོང་གསེབ་དབུལ་སྐྱོར་བྱེད་སྟངས་ཀྱི་བསམ་ཕྱོགས་འཚོལ་ཞིབ་བྱས་པ་རེད། འདབ་པ་རྫོང་སྲིད་གཞུང་ལས་ཁུངས་ཀྱི་གཞོན་ནུ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཧོང་ཅན་གྱིས་ཐོག་མཐའ་བར་གསུམ་དུ་དཔེ་ཆ་བལྟས་ནས་ཟིན་བྲིས་ཕབ་པའི་གོམས་གཤིས་རྒྱུན་འཁྱོངས་བྱས། ཁོས་དཔེ་དེབ་བཀླགས་པའི་ཟིན་བྲིས་མང་པོ་ཕབ་ཡོད་པ་དེ་སྐབས་འགར་ཁ་ཕྱེ་ནས་ལྟ་ཙམ་བྱས་ཤིང་དབུལ་སྐྱོར་ལས་དོན་ལ་རྩོད་སྒྲུབ་ཀྱི་བསམ་བློ་སྔར་བས་གཏིང་ཟབ་བཏང་ཞིང་། གྲོང་སྡེའི་རང་བྱུང་ཆ་རྐྱེན་ལ་ཞན་ཆ་མང་པོ་ཡོད་མོད། འོན་ཀྱང་བེད་སྤྱོད་ཡག་པོ་གཏོང་ཐུབ་ཚེ་ལེགས་ཆར་འགྱུར་ཡང་སྲིད། ཁོའི་བསམ་གཞིག་ཏུ་འཁོར་བ་ནི་འདབ་པ་རྫོང་གི་ཡུལ་སྐོར་ཐོན་ལས་འདི་ས་བབ་མཐོ་ལ་འགྲིམ་འགྲུལ་སྟབས་མི་བདེ་ནའང་རང་བྱུང་མཛེས་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་སི་ཁྲོན་ཞིང་ཆེན་གྱི་སི་ཁྲོན་ཡུལ་སྐོར་རྫོང་གྲགས་ཅན་དུ་བདམས་པ་རེད།
བསམ་ཕྱོགས་དང་བསྟུན་ནས་ཧོང་ཅན་གྱིས་རྨ་དགེ་ཐང་གྲོང་སྡེའི་དབྱར་རྩྭ་དགུན་འབུ་དང་། བེ་ཤ། སྙེ་མ་སོགས་ཡུལ་ཐོན་ཁྱད་རྫས་ཀྱི་ཐོན་ཚད་མཐོ་བ་དང་སྤུས་ཀ་ཡག་པོ་ཡོད་མོད། འོན་ཀྱང་ཕྱིར་ཚོང་ཐབས་ལམ་མེད་ལ་རིན་གོང་གཏན་འཁེལ་བྱེད་དབང་ཡང་མེད་པ་འདི་ཁོས་རྒྱུས་ལོན་བྱུང་བ་རེད། ཁོ་ཚོས་སྤུས་རྟགས་གཏོད་པར་བརྟེན་ནས་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་ཆབས་ཅིག མཉམ་ལས་ཁང་བཙུགས་ནས་ཆེད་ལས་ཅན་གྱི་ཚོང་དོན་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ་དབུལ་སྐྱོར་ཐོན་རྫས་འགྲེམས་སྟོན་ཚོགས་འདུར་ཞུགས་པའི་སྐབས་སུ་ཧོང་ཅན་དང་དེ་མིན་གྱི་དབུལ་སྐྱོར་ལས་སྒྲུབ་རུ་ཁག་གི་ཁོངས་མི་ཚོས་ཁོམ་མེད་བྲེལ་བ་ཆེ་བའི་གནས་སུ་གྱུར་པ་རེད།
ངས་རྩོད་སྒྲུབ་རིགས་པ་ནས་མྱོང་ཚོར་ལོན་པར་གཞིགས་ན་འགལ་བ་བསྒྱུར་དགོས་ན་ཆ་རྐྱེན་ངེས་ཅན་ཞིག་འཛོམས་དགོས། ང་ཚོས་བསྒྲུབས་པ་འདི་དག་ནི་ཆ་རྐྱེན་བསྐྲུན་ནས་གནས་བབ་ཞན་པ་དེ་བཟང་ཆ་ལ་བསྒྱུར་བའི“འགྱུར་བར་སྐུལ་རྫས”སྣོན་དགོས་པ་རེད། ད་ཆ་གྲོང་སྡེའི་ཞིང་ལས་ཐོན་རྫས་རིམ་བཞིན་སྤུས་རྟགས་གཏོད་བཞིན་ཡོད་ཅེས་ཧོང་ཅན་གྱིས་དེ་ལྟར་བཤད། ན་ནིང་སྤྱི་ཟླ4པར་འདབ་པ་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་པ་རེད། འཕེལ་རྒྱས་ཀྱི་མིག་རྒྱང་ཐོག་ནས་བལྟས་ན། དཀའ་ངལ་ཚང་མ་གནས་སྐབས་ཙམ་ཡིན། འགག་གནད་སྒྲོལ་ས་རྙེད་ཚེ་ཞན་ཆ་ནི་འགུལ་ཤུགས་ཅིག་ཡིན་པ་སྲིད་ཅེས་ཧོང་ཅན་གྱིས་དེ་ལྟར་ར་སྤྲོད་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10