ཨུ་རྒྱན་དོན་འགྲུབ་ཀྱིས་བསྒྱུར། 2017-06-22
ཉེ་ཆར་ཁུལ་བསམ་པའི་དཔལ་ཡོན་གཞུང་ལས་ཁང་དང་ཁུལ་མི་ཤུགས་ཐོན་ཁུངས་ཅུས། སྤྱི་ཚོགས་འགན་སྲུང་ཅུས། ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་ནགས་ལས་ཅུས་བཅས་ཀྱིས་མཉམ་འབྲེལ་གྱིས་རྩ་འཛུགས་བྱས་ཏེ་རང་ཁུལ་གྱི་ཆེས་བཟང་བའི་སྐྱེ་ཁམས་ནགས་སྲུང་པ་དཔྱད་འདེམ་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་བ་རེད།
དཔྱད་འདེམ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་པ་སོ་སོའི་གནས་ཚུལ་རྒྱུས་ལོན་ཟབ་མོ་དང་། གནས་ཚུལ་དངོས་གནས་དྲང་གནས་ཀྱི་ཐོག་ནས་མི་སེམས་འགུགས་པའི་བྱས་རྗེས་ཡོད་པ། ལས་ཀར་དགའ་ཞེན་དང་བརྩོན་སེམས་ལྡན་པ། རང་ཉིད་ཀྱིས་ལྷག་བསམ་ཟོལ་མེད་ངང་ནས་ལས་རིགས་འདི་ལ་བཞག་པའི་བྱས་རྗེས་སོགས་ཀྱིས་ཐབས་ལམ་གང་མང་བརྒྱུད་ནས་དྲིལ་བསྒྲགས་བྱས་ཡོད་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བརྩི་བཀུར་ཐོབ་པའི་ནགས་སྲུང་པ་དང་། ནགས་སྲུང་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་བཅས་ལ་བདག་གཅེས་བྱས་པ་དང་། མུ་མཐུད་ནས་ཁུལ་ཡོངས་ཀྱི་ནགས་ལས་ལས་སྒྲུབ་མི་སྣའི་ནགས་ཚལ་སྲུང་སྐྱོང་ལས་ཀར་དགའ་ཞེན་ཡོད་ཅིང་དོན་དངོས་བསྒྲུབས་པ་དང་འགན་འཁྲི་ཡོད་པ། གོང་བུར་འགྲིལ་ཤུགས་དང་འགན་འཁྲི་ཁུར་སེམས་ལྡན་པར་བྱས་ཏེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁྱིམ་གཞིས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་དྲང་ནུས་ཤུགས་ཆེན་ཐོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ནང་ཁུལ་དུ་ནགས་ཚལ་སྲུང་སྐྱོང་དང་བདག་གཉེར་གྱི་ལས་ཀ་སྒྲུབ་བཞིན་པའི་ལས་སྒྲུབ་པ་དག་ནི་ཐེངས་འདིའི་དཔྱད་འདེམས་ཀྱི་བྱེད་སྒོར་ཞུགས་ཆོག་པ་དག་ཡིན་པ་རེད། དཔྱད་འདེམས་བྱེད་སྒོ་འདི་ཟླ་བ་ལྔ་ཡས་མས་ཀྱི་དུས་ཡུན་བེད་སྤྱད་དེ་ཁུལ་ཡོངས་ཀྱི་ནགས་སྲུང་པ8600ལྷག་གི་ནང་ནས་མི་བརྒྱ་ལ་ཕུལ་བྱུང་སྐྱེ་ཁམས་ནགས་སྲུང་པའི་མཚན་སྙན་སྤྲད་རྒྱུ་དང་། མཇུག་མཐར་ཆེས་མཛེས་པའི་སྐྱེ་ཁམས་ནགས་སྲུང་པ་བཅུ་གདམ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10