རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཆུ་ཚད་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་བཏང་།

        2017-05-23

 

ཟླ་བ5པའི་ཚེས11ནས་ཚེས14ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཧེ་ཧྥུང་གིས་བརྟག་ཞིབ་ཚོ་ཆུང་སྣེ་ཁྲིད་གནང་ནས་རང་ཁུལ་དུ་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་སྐོར་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ལི་ཧེ་ཧྥུང་གིས་རང་ཁུལ་གྱི་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ཐད་ཕན་སྐྱེད་ཆེ་བའི་ལས་ཀར་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁོང་གིས་གནའ་བོའི་ཇ་འདྲེན་བདལ་ལམ་ནི་ལོ་ངོ་སྟོང་ཙམ་བརྒྱུད་པའི་རིག་གནས་གནའ་ལམ་ཞིག་ཡིན་ཞིང་། རིག་གནས་ཤུལ་བཞག་གི་རིན་ཐང་དཔག་ཏུ་མེད་པས། མི་དམངས་སྲིད་གྲོས་ཀྱིས་ཐབས་འདོན་ཇུས་འབུལ་གྱི་རིག་མཛོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཆུ་ཚད་སྐས་རིམ་གསར་པ་ཞིག་ལ་སླེབས་པ་བྱ་དགོས་ཞེས་གསུངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུན་ཆིང་ཅུས་དང་ཁྲེང་ཀོང་ལིན། ཀྲོའུ་གོ་ཧྥུ།   ཀྲའེ་ཝེ་ཧྭ། ཁྲེང་ཧུའེ་ཧྥུང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཝུན་ཀྲང་དང་ཝུའུ་ཧྲུའུ་ལིན། ལི་ཏུང་ཏུང་། དབྱང་ཏུང་ཆོན། ལི་ཞའོ་ཅེ་།ཧོང་ཅ་ཞང་། ལིའོ་པུན། ཀྲའོ་ཁྲང་ཆིང་། ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་དང་སློབ་སྦྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞན་ཁུའེ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་།   ཁུལ་དམངས་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་། ཁུལ་ཨུའི་རྒྱུན་ཨུ།   ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ།   ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེང་ཧུང་པའོ།   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཞིའུ་དབྱིན་བཅས་བརྟག་དཔྱད་ཞིབ་འཇུག་ནང་དུ་ཞུགས་པ་རེད།

ལི་ཧེ་ཧྥུང་ལྷན་ཕེབས་ཀྱིས་སྔ་ཕྱིར་རང་ཁུལ་གྱི་འབོ་ཞབས་གནའ་གྲོང་དང་ལྕགས་ཟམ་ཟམ་པ། དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་། ཁུལ་དངོས་མང་བཤམས་སྟོན་ཁང་། རྟའུ་རྫོང་གི་སྐྱིད་པོ་རེད་ཡུལ་མི་སྣེ་ལེན་ཁང་། རྟའུ་བོད་རིག་གནས་མགྲོན་ཁང་། དར་མདོའི་ར་རྔ་ཁ་གྲོང་རྡལ་བཅས་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ལི་ཧེ་ཧྥུང་གིས་གནའ་བོའི་ཇ་འདྲེན་བདལ་ལམ་སྙིང་སྟོབས་ཀྱིས་རིག་གནས་ཡིད་ཆེས་སྲ་བརྟན་དུ་གཏོང་བའི་ཐད་ཀྱི་གནས་ཐང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས་པ་དང་སློབ་སྦྱོང་བྱས་ནས་གནའ་བོ་ཇ་འདྲེན་བདལ་ལམ་གྱི་ལོ་རྒྱུས་ལ་ཆ་རྒྱུས་ཟབ་མོ་ལོན་པ་དང་མེས་པོས་བཞག་པའི་གྲུབ་འབྲས་རྒྱུན་འཛིན་བྱས་ཏེ། ང་ཚོའི་ཕུལ་དུ་བྱུང་བའི་རིག་གནས་དང་གཟི་བརྗིད་ལྡན་པའི་ལོ་རྒྱུས་དེས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཐུབ་པ་བྱ་དགོས། རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་ཀྱིས་རང་ཉིད་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་ལས་རིགས་ཁག་གི་ཆེད་རམས་པས་བློ་གྲོས་གཅིག་ཏུ་བསྒྲིམས་ནས་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་གསར་སྦོལ། དོ་དམ། བེད་སྤྱོད་བཅས་ཀྱི་ཆུ་ཚད་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།

 

  • ལེ་ཚན་སྔོན་མ།:སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་རྫོང་དུ་གནས་སྤོ་བྱ་གྲབས་ཡོད།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བཏང་།
  • དོ་སྣང་ཆེ་བའི་རྩོམ།