ལིའུ་ཁྲེང་མིང་གིས་རྟའུ་དང་གསེར་ཐར། དཀར་མཛེས་བཅས་རྫོང་དུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།    བདེ་སྐྱིད་ཀྱིས་བསྒྱུར།    2017-05-16

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་སྣེ་ཁྲིད་བྱས་ཏེ་རྟའུ་དང་གསེར་ཐར་། དཀར་མཛེས་བཅས་རྫོང་དུ་ཕྱིན་ནས་དབུལ་ཐར་འགག་སྒྲོལ་དང་སྤྱི་ཚོགས་ཅན་གྱི་དོ་དམ་སོགས་ལས་ཀར་ཆེད་དོན་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས་ནན་ཏན་གྱིས་ཀྲུང་དབྱང་གི་བོད་སྐྱོར་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་དོན་འཁྱོལ་མཐར་ཕྱིན་བྱས་ནས་སྔར་ལྷག་གིས་ལས་ཀའི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ལས་ཀ་ཞིབ་པོས་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོ་ཡག་མོ་བསྒྲུབ་དགོས། མུ་མཐུད་ནས་སྤྱི་ཚོགས་ཅན་གྱི་དོ་དམ་དང་ཉེན་མེད་ཐོན་སྐྱེད་སོགས་འབྲེལ་ཡོད་ལས་ཀ་ཡག་མོ་བསྒྲུབས་ཏེ་དབུལ་ཐར་འགག་སྒྲོལ་ལ་སྤྱི་ཚོགས་ཁོར་ཡུག་ཡག་མོ་ཞིག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ལིའུ་ཁྲེང་མིང་གིས་རྟའུ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་སྐབས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་དེ་རྟའུ་རྫོང་གི་གཤིས་ཆུ་གྲོང་རྡལ་དང་ཁུག་ཆ་ཤང་། ལུང་བསྟན་ཤང་། དཔའ་སྨད་གྲོང་རྡལ། ཞི་བདེ་ཤང་གི་དབུལ་ཕོངས་གྲོང་སྡེ་བཅས་སུ་ཕེབས་ནས་ལྟོ་གོས་གཉིས་ལ་སེམས་ཁྲལ་མི་དགོས་པ་དང་འགན་ལེན་གསུམ། ཡག་པོ་བཞི་བཅས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།

ལིའུ་ཁྲེང་མིང་གིས་དབུལ་ཕོངས་ཁྱིམ་ཚང་དང་གྲོང་མིའི་བྱེད་སྒོ་སྤེལ་གནས་སུ་གཟིགས་ཞིབ་གནང་རྗེས། དབུལ་ཐར་འགག་སྒྲོལ་ལས་ཀའི་ཁྲོད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ཡུལ་མི་རྣམས་ལ་མུ་མཐུད་ནས་ཐོན་ལས་འཕེལ་རྒྱས་དང་ཐུན་མོང་དཔལ་འབྱོར་། གྲོང་ཚོའི་རྣམ་པ་སོགས་ཀྱི་ཐད་ལ་ཤུགས་བརྒྱབ་སྟེ་ལས་ཀ་དེ་བས་ཞིབ་ཚགས་དང་བྱ་ཐབས་དོན་འཁྱོལ་དེ་བས་བརྟན་པོ། ཕན་འབྲས་དེ་བས་མགྱོགས་པོ་འཐོབ་པར་བྱས་ནས་ཐུན་མོང་དུ་འབད་བརྩོན་བྱས་ནས་ཡག་པོ་བཞིའི་གྲོང་སྡེ་བསྐྲུན་དགོས་པའི་ཐུགས་རེ་གནང་།

བརྟག་དཔྱད་ཞིབ་འཇུག་གནང་རིང་ལིའུ་ཁྲེང་མིང་གིས་ད་དུང་གསེར་ཐར་རྫོང་གི་རྣུབ་གཟུར་གྲོང་རྡལ་དང་དཀར་མཛེས་རྫོང་གི་དཀར་མཛེས་གྲོང་རྡལ་གྱི་གྲོང་ཁུལ་འཛུགས་སྐྲུན་དང་སྤྱི་ཚོགས་ཅན་གྱི་བདག་གཉེར། དགོན་པའི་དོ་དམ་སོགས་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་དང་ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཏང་ཨུ་ཧྲུའུ་ཅི་ཀྲང་ཕིང་ཧྲེང་སོགས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་ནང་ཞུགས་ཡོད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དཔྱིད་རྨོད་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཆུ་ལོག་མ་འོངས་གོང་གི་སྔོན་འགོག་གྲ་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།