ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀར་ཁ་གཏད་རོགས་སྐྱོར་ཡག་མོ་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2017-05-15

ཟླ་བ5པའི་ཚེས8ནས་ཚེས9ཉིན་བར་ཞིང་ཆེན་ཡོངས་ཀྱིས་བོད་ཁུལ་གྱི་དབུལ་ཕོངས་རྫོང་གི་ལས་ཞུགས་དབུལ་སྐྱོར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཡུལ་དངོས་ཀྱི་ཚོགས་འདུ་རོང་བྲག་རྫོང་དུ་འཚོགས་པ་རེད། གྲོས་ཚོགས་ཐོག་གཙོ་བོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གལ་ཆེའི་མཛུབ་སྟོན་དང་། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས་བོད་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལས་ཀར་གནད་སྨིན་སྐུལ་འདེད་བཏང་བ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚུའེ་པའོ་ཧྭ་ལས་ཡུལ་དངོས་ཀྱི་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྲོས་ཚོགས་ནང་ཞུགས་ཡོད།

ཚོགས་ཞུགས་མི་སྣས་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ས་ཁུལ་གྱིས་རོང་བྲག་རྫོང་གི་ལས་ཞུགས་དབུལ་སྐྱོར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་དབུལ་སྐྱོར་གནད་སྨིན་གྲུབ་འབྲས་འགྲེམས་སྟོན་དང་ཁྲེང་ཧྭ་ས་ཁུལ་གྱི་དབུལ་སྐྱོར་གནད་སྨིན་གྲུབ་འབྲས་འགྲེམས་སྟོན། དབུལ་སྐྱོར་ལས་ཞུགས་ལག་རྩལ་གསོ་སྦྱོང་ལས་གཞིའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བར་མ་ཟད་། ཀྲུང་གོའི་གྲོང་གསེབ་མཛེས་ཤོས་ཀྱི་གྱ་གྱུ་ཡུལ་སྐོར་སྐོར་ལམ་བརྒྱུད་ནས་དབུལ་ཕོངས་ཞིང་པས་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་ལས་ཞུགས་ལས་གཏོད་བྱེད་པའི་བོད་པའི་སྤྲོ་གསེང་ཁང་དང་གྱ་གྱུ་བོད་གྲོང་གི་འདྲ་དཔེ་ལ་གཟིགས་ཞིབ་གནང་བ་རེད། ས་གནས་གང་དུ་སླེབས་དུས་ཚུའེ་པའོ་ཧྭས་དབུལ་ཕོངས་མང་ཚོགས་དང་མཛའ་བརྩེའི་ངང་ཞལ་བརྡ་ལབ་པ་དང་ཡུལ་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གནས་ཚུལ་དང་དབུལ་ཐར་འགག་སྒྲོལ་ལས་ཀ་སྤེལ་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་པ་རེད།

ལས་ཡུལ་དངོས་ཀྱི་ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་ནང་གི་བོད་ཁུལ་གྱི་ལས་ཞུགས་དང་དབུལ་སྐྱོར་ལ་ཁ་གཏད་རོགས་སྐྱོར་ཆེད་དམིགས་ལས་བསྡུའི་ཚོགས་འདུ་གཉེར་བ་དང་། སི་ཁྲོན་ཞིང་ཆེན་ལས་ཞུགས་ཅུས་དང་ཁྲེང་ཏུའུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་ལེན་ཅུས། ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་ལེན་ཅུས། ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་ལེན་ཅུས། རོང་བྲག་རྫོང་དང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་བྱེད་མཁན་ས་ཁུལགྲོང་ཁྱེར་དང་རྫོང་།20ཡིས་མི་སྣ་སྒྲིག་འཛུགས་བྱས་ནས་ལས་ཡུལ་དངོས་སུ་རིགས་སྣ་ཚོགས་ཀྱི་ལས་ཞུགས་ལས་རྐང་ཁྲི1ལྷག་ཙམ་ཁྱབ་བསྒྲགས་བྱས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཕན་ཙེ་ཧྭ་གྲོང་ཁྱེར་དང་ལུའུ་ཀྲོའུ་གྲོང་ཁྱེར། སུའེ་ལིན་གྲོང་ཁྱེར། རྔ་བ་ཁུལ། ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ས་ཁུལ། རོང་བྲག་རྫོང་བཅས་ཀྱིས་ལས་ཞུགས་དབུལ་སྐྱོར་བྱས་པའི་ཉམས་མྱོང་དང་ལས་སྟངས་སྐོར་ལ་བསམ་ཚུལ་སྤེལ་རེས་བྱས་ཤིང་། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་ལེན་ཐིང་། ཞིང་ཆེན་དབུལ་སྐྱོར་གནས་སྤོ་ཅུས་བཅས་ཀྱིས་རང་ཉིད་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་བོད་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་གཏང་རྒྱུའི་ཐད་ལ་གཏམ་བཤད་བྱས་པ་རེད།

ཚང་མའི་གཏམ་བཤད་བྱས་པར་གསན་འཇོག་གནང་རྗེས། ཚུའེ་པའོ་ཧྭས་བོད་ཁུལ་གྱི་ལས་ཞུགས་ལས་ཀ་ཡག་མོ་བསྒྲུབ་རྒྱུ་དང་ཁ་གཏད་རོགས་སྐྱོར་དང་དབུལ་ཐར་འགག་སྒྲོལ་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་ཐད་ཐུགས་རེ་གསུམ་གནང་བ་སྟེ། གཅིག་ནི་བོད་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལས་ཀའི་གལ་ཆེ་བའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱ་དགོས། གཉིས་ནི་སྔ་ལས་ལྷག་པར་བོད་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཆེ་བའི་བསམ་པ་ཆེ་རུ་གཏང་དགོས། གསུམ་ནི་སྔ་ལས་ལྷག་པར་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་ལས་ཞུགས་དབུལ་སྐྱོར་ལས་ཀའི་ཆུ་ཚད་མཐོ་རུ་གཏང་དགོས།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལྗོངས་ཁུལ་འདི་དགA4རིམ་པར་བསྐྲུན་རྒྱུ།
  • ལེ་ཚན་རྗེས་མ།:དཔྱད་བསྡུར་གྱི་ཚད་གཞི་རྩེ་གྲ་དང་མི་འདང་སར་ཁ་གསབ། འཇོན་ནུས་ཇེ་ཆེར་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།