དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་སྤྱི་ཚོགས་སྒྲིག་ལམ་འགན་སྲུང་བྱ་ཆེད།དར་མདོ་གྲོང་ཁྱེར་གཡག་རྭ་ཤང་གིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་བྱ་རྒྱུས་འདེགས་སྐྱོར་བྱས་ཏེ་སྔར་ལྷག་གིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་དང་།འགལ་ཟླ་རྩོད་གླེང་འདུམ་འགྲིག་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་རེད།
དུས་ཐོག་ཏུ་དབྱར་རྩྭ་དགུན་འབུ་རྐོ་དུས་སུ་དོ་དམ་བྱེད་མཁན་འགོ་ཁྲིད་ཚོ་ཆུང་བཙུགས་པས་མ་ཚད།གྲོང་སྡེ་སོ་སོའི་བར་འགན་འཁྲི་ཡི་གེ་བཞག་སྟེ་ཕྱོགས་ཡོངས་ནས་དབྱར་རྩྭ་དགུན་འབུ་རྐོ་དུས་དང་ཉོ་ཚོང་དོ་དམ་གྱི་གཙོ་གནད་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཡོད།དུས་ཐོག་ཏུ་དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་དོ་དམ་ལས་ཀའི་ཚོགས་འདུ་འཚོགས་ཏེ་ཁྲིམས་ལུགས་དང་སྲིད་ཇུས་མང་ཚོགས་ཁྲོད་དུ་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་གང་ཐུབ་བྱས་པ་རེད།
དེ་དང་ཆབས་ཅིག་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་རིམ་ནང་གྲོང་སྡེ་སོ་སོའི་ཨུ་ལྷན་གཉིས་ཀྱིས་ལས་རེས་མི་སྣ་བཀོད་སྒྲིག་བྱས་ཏེ་དངོས་གནས་ཀྱིས་རང་ཉིད་གྲོང་སྡེ་ཡུལ་མིའི་འགྲོ་ཕྱོགས་གདེང་ཚོད་ཐིག་པོ་བྱས་མཐར།རིགས་སྣ་ཚོགས་ཀྱི་ཆ་འཕྲིན་དང་ཐོན་ཁུངས་ཁོངས་གཏོགས།རྩྭ་ཐང་དང་རིའི་ས་མཚམས་སོགས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ་ཕན་ནུས་ལྡན་ལ་སྒྲིག་ཡོད་པའི་དབྱར་རྩྭ་དགུན་འབུ་རྐོ་སའི་ཁོར་ཡུག་ཅིག་འཛུགས་སྐྱོང་བྱས་པ་རེད།