དབྱངས་ཅན་གྱིས་བསྒྱུར། 2020-03-16
བརྒྱད་ཟིལ་རྫོང་གི་ལས་རིགས་ཁག་གི་ཏང་ཡོན་ཚོས་རིམས་ནད་ཀྱི་གནས་ཚུལ་ལ་སེམས་ཁྲལ་བྱས་ཏེ། གཅིག་རྗེས་གཉིས་མཐུད་དུ་མ་སྐུལ་དང་བླངས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ལས་ཀར་མ་དངུལ་ཞལ་འདེབས་བརྒྱབ་པ་རེད། ཉེ་ཆར། བརྒྱད་ཟིལ་རྫོང་ཨུའི་རྩ་འཛུགས་པུའུ་ལ་ཁ་པར་ཞིག་འབྱོར་ནས། ཁ་པར་ཐོག་ལོ་ན84ལོན་པ་དང་ཏང་ནང་ཞུགས་ནས་ལོ63ཡིན་པའི་བློ་མཐུན་མ་ཅ་ཙི་ཡིས་ད་ལྟར་ང་རང་ལོ་ཚོད་ཆེན་པོ་རེད་སོང་ཡུལ་དངོས་སུ་འགྲོ་ཐབས་མེད་པས་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་རྒྱུ་ཡིན། རྩ་འཛུགས་ཀྱིས་ང་རང་གི་ཚབ་བྱས་ནས་དངུལ་ཕྲན་བུ་འདི་རོགས་རམ་བྱ་དགོས་སར་སྤྱོད་རོགས་ཞེས་བཤད་མ་ཐག་ཏུ་ཁོ་རང་གི་བུ་མོའི་མག་པས་ཁོང་གི་ཚབ་བྱས་ཏེ་སྒོར་ཁྲི1གི་ཞལ་འདེབས་ཕུལ་བ་རེད། བཅར་འདྲི་བྱེད་སྐབས། མ་ཅ་ཙི་ཡིས་ང་རང་ནི་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན་པས། ད་ལྟར་རྒྱལ་ཁབ་ལ་དཀའ་ངལ་ཡོད་སྐབས་ང་རང་གིས་གཡོལ་ཐབས་མེད་པའི་ནུས་པ་འདོན་པ་ཡིན་ཞེས་བཤད་པ་རེད།
མ་ཅ་ཙི་ནི་ཏང་ཡོན་རྣམས་ཀྱི་མཚོན་བྱེད་ཙམ་ཞིག་སྟེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་རིམས་ནད་ཀྱི་གཡུལ་འཐབ་བྱ་ཡུལ་དུ་གུང་ཁྲན་ཏང་ཡོན་རེ་རེ་བཞིན་དཔའ་ངར་ཆེ་སྐྱེད་ཀྱིས་གདོང་མཆོང་བྱས་ཏེ་རིམས་ནད་བྱུང་ཡུལ་དངོས་སུ་སྲ་ཞིང་བརྟན་པའི་བཙན་རྫོང་རེ་རེ་བསྐྲུན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10