ལྷ་འཛོམས་ཀྱིས་བསྒྱུར། 2017-04-13
དུར་མཆོད་ཉིན་མོའི་གུང་སེང་བཏང་བའི་ཉིན་གསུམ་ནང་རང་ཁུལ་གྱི་འདབ་པའི་ཉི་སྟེང་མཛེས་ལྗོངས་ས་ཁུལ་གྱིས་ཡུལ་སྐོར་བ2442སྣེ་ལེན་བྱས་པས་དང་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ83འཕར་ཡོད། མཛེས་ལྗོངས་ས་ཁུལ་གྱི་སྒོ་འཛིན་ཡོང་འབབ་སྒོར་ཁྲི25.539ཡོད་པས་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ76འཕར་བ་རེད། ཉི་སྟེན་དང་བསྡུར་ན་དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱི་ཡོང་འབབ་བརྟན་ཞིང་ཅུང་འཕར་སྣོན་བྱུང་ཡོད། སྤྱི་ཟླ4པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད2པའི་བར་དུ་དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མིའི་ཐེངས་གྲངས་ཁྲི2.03སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི2006.73རག་ཡོད་པས། ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་བརྒྱ་ཆ0.56འཕར་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10