ཁུལ་ཨུའི་རིམས་འགོག་དང་བརྟན་བརླིང་སྲུང་སྐྱོང་སྐོར་གྱི་གྲོས་ཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-03-05

  སྤྱི་ཟླ3པའི་ཚེས3ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན(རྒྱས་འཛོམས)ཚོགས་འདུ་དང2020ལོའི་ལོ་འཁོར་གྱི་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་དོན་གྱི་རྒྱུན་ལྡན་ཚོགས་འདུ་ཐེངས3པ་གཙོ་སྐྱོང་གནང་ནས་སྤྱི་ཟླ2ཚེས26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུའི་སྙིང་དོན་དང་། ཟླ2ཚེས28ཉིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས6པའི་སྙིང་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཉེ་དུས་རང་ཁུལ་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སོགས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ནས་ཕྱིན་ཆད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་བ་རེད། 

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་བཅས་ཚོགས་འདུར་ཞུགས་པ་རེད།

   ཚོགས་འདུའི་ཐོག་འདི་ལོ་ནས་བཟུང་ཐོལ་བྱུང་གློ་ཚད་ཀྱི་རིམས་ནད་གསར་པའི་མདུན་དུ་རང་ཁུལ་གྱིས“གདེང་ཚོད་་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་དང་ས་ཁུལ་དང་རིགས་བགོས་པ། རིམ་པ་དབྱེ་སྟེ་རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་དམ་འཛིན་ཡག་པོ་བྱེད་པའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་གནས་བབ་བཟང་པོའི་ཕྱོགས་སུ་འཕེལ་བར་ཧུར་ཐག་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་ཡོད།

   ཚོགས་འདུའི་ཐོག་ནན་གསུང་གནང་དོན།

   གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་སྤར་ཏེ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་དགོས།

   གཉིས་ནི་བརྟན་བརླིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོར་བཟོ་དགོས།

   གསུམ་ནི་རིམས་ནད་འགོག་བཅོས་ཚོད་འཛིན་སྲུང་ར་བརྟན་པོར་བཟོས་ནས་དེ་བས་ཏན་ཏིག་དང་དེ་བས་ནན་པོ། དེ་བས་ཞིབ་ཚགས་བཅས་ཀྱི་བྱ་ཐབས་ཐོག་ནས་ཁག་བགོས་རིགས་དབྱེ་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱ་དགོས། 
   བཞི་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ནས་དམ་འཛིན་ཡག་པོ་བྱ་དགོས། 
   ལྔ་ནི་སྒྲིག་ཁྲིམས་ནན་དུ་བཏང་ནས་ལས་ཀ་ཁག་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་པོ་བྱ་དགོས།  ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་དང་དེ་བཞིན་རིམ་ཁག་སྡེ་ཁག་སོ་སོའི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:འབའ་ཐང་ཞིང་པས་སྦྲང་འབུ་གསོས་ནས་དབུལ་ཐར་འབྱོར་གྲུབ་བྱུང་།
  • ལེ་ཚན་རྗེས་མ།:སློབ་འགོ་མ་ཚུགས་ཀྱང་སློབ་ཐུན་འཚོག་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།