ཨོ་རྒྱན་གྱིས་བསྒྱུར། 2020-02-25
སྤྱི་ཟླ2པའི་ཚེས21ཉིན་རྔ་བ་ཁུལ་གྱིས་འབར་ཁམས་དང་མའོ་རྫོང་། ཆུ་ཆེན་རྫོང་བཅས་ནས་འབྲས་ཏུན15དང་། སྔོ་ཚལ་ཏུན9། ཕག་ཤ་ཏུན6། བཀལ་ཐུག་སྒམ40། གཟན་སྣུམ་སྒམ30བཅས་གཏོང་འདྲེན་བྱས་ཏེ་དཀར་མཛེས་ཁུལ་ལ་རོགས་སྐྱོར་བྱས་པ་རེད། དངོས་ཟོག་དག་བདེ་འཇགས་ངང་དཀར་མཛེས་ཁུལ་དུ་སྐྱེལ་བར་འགན་ལེན་བྱ་ཆེད།རྔ་བ་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་རླངས་འཁོར་དང་མཉམ་དུ་བསྐྱོད་དེ་རྩིས་སྤྲོད་ཀྱི་ལས་དོན་སྤེལ་ཞིང་།ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཝུའུ་ཧྲོང་གིས་རླངས་འཁོར་བསྐོར་ནས་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་བསྐྱོད་ཡོད་ལ།ཁོས་བཤད་རྒྱུར། “སྨན་དོན་མི་སྣ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་སོགས་ཀྱིས་རིམས་འགོག་ཡུལ་དངོས་ནས་དཀའ་བ་སྤྱད་བཞིན་ཡོད་ལ།ངས་ད་ཐེངས་ཀྱི་དངོས་ཟོག་ལ་བརྟེན་ནས་རིམས་འགོག་ལས་དོན་ལ་རང་གི་ཚོད་ཀྱི་ནུས་པ་རེ་འབུལ་བཞིན་ཡོད།”སྤྱི་ཚེས22ཉིན་གྱི་ཐོ་རངས་དུས་ཚོད12དང་སྐར་མ14སྟེང་རོགས་སྐྱོར་དངོས་རྫས་དག་གསེར་རྟ་རྫོང་དུ་འབྱོར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཤིང་འཚོ་བའི་དངོས་ཟོག་འཕྲལ་མྱུར་གཏོང་འདྲེན་བྱས་ནས་དཀར་མཛེས་ཁུལ་ལ་རོགས་སྐྱོར་བྱ་རྒྱུ་གཏན་འབེབས་བྱས་པ་དང་།རང་ནུས་གང་ཡོད་བཏོན་ནས་རང་ཁུལ་གྱིས་རིམས་ནད་འགོག་རྒོལ་བྱ་རྒྱུར་རོགས་རམ་བྱས་པ་རེད། ད་ཐེངས་ཀྱི་ལས་འགན་ལེགས་འགྲུབ་བྱ་ཆེད། རྔ་བ་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་བཙུགས།ཆུ་ཆེན་རྫོང་དང་མའོ་རྫོང་འཕེལ་སྒྱུར་ཅུས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་རོགས་སྐྱོར་དངོས་རྫས་རིགས་ཉིན་མཚན་སྦྲེལ་ནས་རང་ཁུལ་གྱི་གསེར་རྟ་རྫོང་དང་རོང་བྲག་རྫོང་།བྲག་མགོ་རྫོང་བཅས་སུ་བསྐྱལ་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10