དུང་དཀར་ལུང་པAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་གྲས་སུ་ཚུད།

བདེ་སྐྱིད་ཀྱིས་བསྒྱུར།        2017-03-23

ཉེ་ཆར།  རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རྒྱལ་ཡོངས་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་གཏན་འཁེལ་བྱས་པར་བརྒྱུད། དཀར་མཛེས་ཁུལ་གྱི་དུང་དཀར་ལུང་པའི་ལྗོངས་ཁུལ་དང་བཅས་པའི་ལྗོངས་ཁུལ20རྒྱལ་ཁབ་ཀྱིAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་གྲས་སུ་ཚུད་པ་རེད། དེར་བརྟེན་རང་རེའི་ཞིང་ཆེན་གྱིAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ12ལ་འཕར་སོང་བ་རེད།

2015ལོའི་ལོ་མཇུག་ཏུ་དུང་དཀར་ལུང་པའི་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་མཛེས་ལྗོངས་སྤུས་ཚད་ཞིབ་དཔྱད་བརྒྱུད།  ལོ་དེར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་སྐྱིད་ཁུལ་གསར་སྐྲུན་ལེགས་གྲུབ་བྱུང་བ་དང་སྒོ་བྱང་ཡང་སྤྲད་པ་རེད། 2016ལོར་དུང་དཀར་ལུང་པའི་ལྗོངས་ཁུལ་དེAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་པར་ཞིང་ཆེན་རིམ་པའི་ཞིབ་བཤེར་བརྒྱུད་ཅིང་ད་ལོའི་ཟླ་བ2པའི་ཚེས16ཉིན།  རྒྱལ་ཁབ་ཀྱིAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་མིང་ཐོ་སྤྱི་བསྒྲགས་བྱེད་པའི་གྲས་སུ་ཚུད་པ་རེད།།  

  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གེ་འཕན་སྡེ་བས་ལག་རྩལ་མཉམ་ལས་ཁང་བཙུགས།
  • ལེ་ཚན་རྗེས་མ།:དམིགས་འབེན་སྲ་བརྟན་དང་སེམས་ཐག་གཙང་བཅད་ནུས་ཤུགས་ཡོད་དགུསAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བྱེད།
  • དོ་སྣང་ཆེ་བའི་རྩོམ།