ཁུལ་ཡོངས་ཀྱི་མི་དམངས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད་པའི་དོན་དག་རྒྱལ་ཡོངས་ཚོགས་ཆེན་ལ་གྲོས་གཞི་ཕུལ།

ལྷ་འཛོམས་ཀྱིས་བསྒྱུར།        2017-03-13

   ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ལ་ཁུལ་མི་དམངས་སྨན་ཁང་གི་སྦྲིད་སྨན་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཡུ་མཚོས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་འགན་འཁྲི་སྒྲུབ་ཐེངས་བཅུ་པ་ཡིན་ལ། ད་ལོ་ནི་མོས་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་ཐེངས་མཐའ་མ་ཡང་ཡིན་པ་རེད། མཇུག་མཐའི་ལོ་དེའི་ནང་མོས་ཆེས་སེམས་ཁུར་གནང་བ་ནི་སྨན་བཅོས་དབུལ་སྐྱོར་དང་གཞི་རིམ་འཕྲོད་བསྟེན་ལས་སྒྲུབ་པའི་གནས་ཚུལ་ཡིན་པས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའི་འགན་འཁྲི་སྒྲུབ་པའི་ལོ་བཅུའི་རིང་ལ་མོས་གཞི་རིམ་མི་སེར་གྱི་འདོད་བློ་དང་བསམ་ཚུལ་འདྲི་རྟོག་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གོང་ལ་གྲོས་གཞི་བཏོན་པ་རེད།

གཡུ་མཚོས་ད་ལོར་ཆེས་སེམས་ཁུར་བྱེད་པ་ནི་འཕྲོད་བསྟེན་དབུལ་སྐྱོར་གྱི་དཀའ་གནད་དང་ཐག་གཅོད་བྱ་རྒྱུའི་གནད་དོན་ཡིན་པས། སྨན་པ་བྱས་ནས་ལོ40རིང་ལ་ཁོང་ས་གནས་མང་པོར་ཕྱིན་ནས་མི་སེར་གྱི་དཀའ་ངལ་ལ་ཆ་རྒྱུས་བླངས་པ་དང་ནད་ལྟ་བའི་ཁྱད་པར་དུ་གཞི་རིམ་མི་སེར་གྱིས་དཀའ་ངལ་ཆེ་བ་དང་གཞི་རིམ་གྱི་སྨན་དོན་ལས་སྒྲུབ་པ་མི་འདང་བ། གཞི་རིམ་སྨན་དོན་ལས་སྒྲུབ་པར་སྐུལ་མ་གཏོང་བ་དང་སེམས་ཁུར་བྱ་དགོས་པའི་ཚོར་སྣང་ཟབ་མོ་བྱུང་བ་རེད།   མོས་གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་ཀར་བསྟོད་ར་བྱས་པར་ཕུད། མང་ཤོས་ནི་རྩ་བའི་ཐོག་ནས་ད་ལྟའི་གནད་དོན་ཐག་གཅོད་བྱས་ནས་གྲོང་ཁྱེར་གྱི་འཕྲོད་བསྟེན་ཞབས་ཞུ་ཆུ་ཚད་དང་རིམ་བཞིན་དུ་འདྲ་མཉམ་ཡོང་ཐུབ་པར་བྱ་དགོས་ཞེས་བཤད་པ་དང་།  དེའི་སྐོར་ལ་མོས་ཚོགས་ཆེན་གཉིས་ལ་གྲོས་གཞི་དགུ་བཏོན་པ་རེད།   མོས་མི་རིགས་ས་ཁུལ་དུ་སྨན་དོན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་སྨན་བཅོས་ལག་རྩལ་ཡོད་མཁན་དང་ཀུན་སྤྱོད་བཟང་བའི་སྨན་པ་དེ་བས་མང་པོས་གཞི་རིམ་ལ་ཞབས་ཕྱི་ཞུ་བཅུག་པའི་རེ་བ་ཞུས་པ་རེད།

མོས་གྲོས་གཞིར་ལན་བཏབ་པའི་གནས་ཚུལ་ལ་བལྟས་ན། ངས་གྲོས་གཞི་བཏོན་པ་ཕལ་ཆེར་དོན་འཁྱོལ་བྱས་ཡོད། ཡིན་ན་ཡང་གྲོས་གཞི་དེ་ཚོ་ང་མི་གཅིག་གིས་བཏོན་པ་ཙམ་གྱིས་དོན་འཁྱོལ་བྱ་མི་ཐུབ་པས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གཞན་པའི་གྲོས་གཞི་དང་སྲིད་གཞུང་རང་གི་འཆར་གཞི་བཅས་ཕྱོགས་བསྡུས་བྱས་ནས་ལག་བསྟར་བྱ་དགོས་པ་རེད། དམངས་ཆེན་འཐུས་མི་བྱས་ནས་འགན་འཁྲི་བསྒྲུབས་ཚར་རན་ཡོད་ཀྱང་འགན་འཁྲི་ད་དུང་ཕྲག་ཐོག་ཡོད་པས། ད་ལོར་མི་སེར་གྱིས་སེམས་ཁུར་བྱེད་པའི་གནད་དོན་དེ་ཚོ་ཚོགས་ཆེན་གཉིས་ལ་གྲོས་གཞི་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:པར་རིས་གསར་འགྱུར།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་སྤྱི་ཚོགས་ཀྱི་གསོག་དངུལ་སྒོར་ཁྲི1200བཏང་ནས་དབུལ་སྐྱོར་ལ་རམ་འདེགས་བྱས།
  • དོ་སྣང་ཆེ་བའི་རྩོམ།