དཀར་མཛེས་རྫོང་གིས་འབྲོག་ཁུལ་དུ་བྱམས་སྐྱོང་འཚམས་འདྲིའི་བྱེད་སྒོ་སྤེལ།

ཀུན་དགས་བསྒྱུར།        2020-01-15

     

དཀར་མཛེས་རྫོང་གིས་འབྲོག་ཁུལ་དུ་བྱམས་སྐྱོང་འཚམས་འདྲིའི་བྱེད་སྒོ་སྤེལ།

    གཞི་རིམ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལ་ཏང་དང་སྲིད་གཞུང་གི་སེམས་ཁུར་ཚོར་དུ་འཇུག་ཆེད། ཉེ་སྔོན། དཀར་མཛེས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ལས་དོན་ཚོ་ཆུང་མངགས་ནས་རྫོང་དེའི་ཟླ་ཐང་པ་སྡེ་ཁུལ་འཁྱག་ལུང་ཡུལ་ཤོག་ཏུ་ཆ་སྒྲིག་ཉེ་འཚོལ་དང་ཀྲི་པུའུ་ཡིས་མཉམ་འཛུགས་མཉམ་སྐྲུན། སེམས་མཐུན་ཕྱོགས་མཐུན། འོས་འགན་སྨན་བཅོས་སོགས་ཀྱིས་ནང་དོན་གཙོ་བོར་བྱས་པའི་དཔྱིད་གསར་དུས་ཆེན་རིང་གཞི་རིམ་དུ་སྐྱོད་པའི་བྱམས་སྐྱོང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོའི་ཁྲོད་ལས་དོན་ཚོ་ཆུང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་སྐད་ཆ་དང་ཉེ་འགྲམ་གྱི་དཔེ་མཚོན་སྤྱད་དེ་འཕེལ་རྒྱས་དང་། དམངས་འཚོ། བརྟན་ལྷིང་སོགས་ལ་དམིགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་བདེ་ཐང་འཕྲོད་བསྟེན་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་ལས་དོན་ཚོ་ཆུང་གིས་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ལས་བྱེད་པ་རྒན་གྲས་གསུམ། འགན་ལེན་ལྔའི་དུད་ཚང་། ཡིག་ཚགས་བཟོས་པའི་དུད་ཚང་དབུལ་ཕོངས་སོགས་ལ་འཚམས་འདྲི་བྱས་པ་དང་སྒོར་ཁྲི1རི་བའི་ཇ་དང་། སྣུམ། འབྲས། སྨན་རྫས་བཅས་སྤྲད་ཡོད། སྨན་དོན་མི་སྣས་ས་གནས་དེ་གའི་མང་ཚོགས་ལ་རིན་མེད་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་མི30ལྷག་ལBའདས་སྒྲའི་བརྟག་འཕྲུལ་གྱིས་ལུས་བརྟག་བྱས་པས་མ་ཚད་སྒོར500ལྷག་ཙམ་རི་བའི་ཆམ་པ་དང་ཁྲག་ཤེད་མཐོ་བ། སྙིང་ནད་སོགས་ཀྱི་རྒྱུན་སྤྱོད་སྨན་རྫས་སྤྲད་ཡོད། 《ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཡི་གེ》དང་། 《འཕྲོད་བསྟེན་ཐབས་ཇུས་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཡི་གེ》ངོ་གྲངས400ལྷག་བཀྲམ་པ་དང་། བདེ་ཐང་སློབ་གསོ་ཐེངས200ལྷག་ཙམ་སྤེལ་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་བསྟུད་མར“གཞི་རིམ་དུ་སྐྱོད་པ་དང་བྱམས་སྐྱོང་བྱེད་པའི”བྱེད་སྒོ་སྔ་རྗེས་སུ་སྤེལ་ཡོད་ཅིང་། བྱེད་སྒོ་སྤེལ་རིང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྒོར་ཁྲི100ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་ཟོག་སྤྲད་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་བརྒྱུད་ལམ་ནས་འཐུས་མིའི་སྙིང་གཏམ་བསྒྲགས།
  • ལེ་ཚན་རྗེས་མ།:ཚོང་འདུས་དམངས་ཕན་བྱ་སྤྱོད་ཀྱིས།མང་ཚོགས་རྣམས་ལ་ཕན་བདེ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།