ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་ཞིང་སྡེ་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-03-06

ཟླ་བ2པའི་ཚེས28ཉིན་གྱི་སྔ་དྲོར་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་དང་ཞིང་སྡེ་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་དང་ཞིང་སྡེའི་ལས་ཀའི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་པ་བྱས་པ་དང་།  2016ལོའི་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་སྐོར་གྱི་ལས་དོན་གསུམ་གྱི་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་ད་ལོའི་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་ཞིང་སྡེ་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་སོགས་གྲོས་ཚོགས་ནང་ཞུགས་ཡོད།

ལིའུ་ཁྲེང་མིང་གིས་གསུངས་དོན། 2016ལོར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་མཉམ་དུ་འབད་བརྩོན་བྱས་པར་བརྒྱུད། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལས་ཀར་གྲུབ་འབྲས་རགས་ཙམ་ཐོབ་ཡོད། ཁོང་གིས་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་སྐོར་གྱི་ལས་དོན་གསུམ་གྱི་ལས་ཀ་ནི་རང་ཁུལ་གྱི་ལས་བྱེད་པའི་ལས་སྒྲུབ་བྱ་ཐབས་དང་ལས་སྒྲུབ་འཇོན་ནུས། ལས་སྒྲུབ་ཆུ་ཚད་བཅས་དཔྱད་ཞིབ་བྱས་པ་ཡིན་ཞིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་2016ལོའི་བསམ་བློ་འདུ་ཤེས་བསྒྱུར་བ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེ་རུ་གཏོང་བ། ས་གནས་གཞན་དུ་དབུལ་སྐྱོར་གནས་སྤོ། ལས་བྱེད་པའི་འཇོན་ནུས་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་ནན་ཏན་བྱས་ནས་དངོས་འཛིན་ནན་སྒྲུབ་བྱས་ནས་རང་ཁུལ་གྱི་ད་ལོའི་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་སྐོར་གྱི་ལས་དོན་གསུམ་གྱི་ལས་ཀ་ཡག་མོ་བསྒྲུབས་ནས་རང་ཁུལ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་དགོས།

ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན།   གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་སྟེ་ཧེ་བག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། གནད་ལ་འཁེལ་བའི་སྒོ་ནས་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་དང་ཞིང་སྡེ་ལས་ཀར་ཐུག་པའི་གནས་བབ་གསར་པ་ཁོང་དུ་ཆུད་པར་བྱ་དགོས།  དམིགས་འབེན་ལ་དམིགས་ནས་ཐབས་ཇུས་གནད་ལ་འཁེལ་བ་བཏོན་ནས་དབུལ་ཐར་འགག་སྒྲོལ་ལས་ཀར་རྒྱལ་ཁ་གསར་པ་ཐོབ་གང་ཐུབ་བྱ་དགོས། དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཞིང་ལས་དང་ཞིང་སྡེ་ལས་ཀའི་རྣམ་པ་གསར་པ་ཞིག་གསར་སྐྲུན་བྱ་དགོས། སྔར་ལྷག་གིས་དབུལ་ཐར་འགག་སྒྲོལ་དང་ཞིང་ལས་དང་ཞིང་སྡེའི་ལས་དོན་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་སྟེ་ལས་ཀ་ཁག་དོན་ཐོག་འཁྱོལ་བར་ནན་འཛིན་བྱ་དགོས།

གྲོས་ཚོགས་ཐོག་ད་དུང2016ལོའི་ཁུལ་ཡོངས་ཀྱི་ཞིང་ལས་སྐོར་གྱི་ལས་དོན་གསུམ་གྱི་སྔོན་ཐོན་རྫོང་དང་གྲོང་ཁྱེར། ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་བའི་སྔོན་ཐོན་རྫོང་དང་གྲོང་ཁྱེར་ལ་གཟེངས་བསྟོད་གནང་བ་རེད། དར་མདོ་དང་ལྕགས་ཟམ། དཀར་མཛེས། ཕྱག་ཕྲེང་སོགས་རྫོང་དང་གྲོང་ཁྱེར་གྱིས་ཉམས་མྱོང་སྤེལ་རེས་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ནུས་པ་དང་བྱང་ཚད་མཐོར་འདེགས་བཏང་ནས་བྱས་རྗེས་ཆེན་པོ་འཐོབ་གང་ཐུབ་བྱེད།
  • ལེ་ཚན་རྗེས་མ།:ད་ལོར་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན༥༧༢༠ཁྱིམ་སྡོད་ལས་ཞུགས་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།