2019-12-26
ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཀྱིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་བྱས་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་མཐར་ཕྱིན་བྱས་པ། 《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ནས་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་འཇོན་ནུས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འགོད་ལ་སྐུལ་སྤེལ་གཏང་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ། 《ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི2020ལོའི་གཙོ་གནད་ལས་དོན》ལ་གྲོས་བསྡུར་བྱས་པ་རེད།
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྤྱི་བསྒྲགས།
(སྤྱི་ཟླ12པའི་ཚེས25ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་འཆམས་བྱུང་བ།)
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དེ་སྤྱི་ཟླ12པའི་ཚེས25ཉིན་དར་མདོར་འཚོགས་པ་རེད།
ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན་གྱི་ཁུལ་ཨུའི་ཨུ་ཡོན60 རྗེས་སྣོན་ཁུལ་ཨུའི་ཨུ་ཡོན7ཡོད་པ་རེད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད་པ་རེད། ཁུལ་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་ཁ་ཤས་ཀྱང་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཨི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཀྱིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་བྱས་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་མཐར་ཕྱིན་བྱས་ཤིང་། ལིའུ་ཁྲེང་མིང་གིས་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་གནང་བའི་ལས་དོན་སྙན་སྒྲོན་ལ་ཉན་འཇོག་བྱས་ནས་གྲོས་བསྡུར་བྱས་པ་རེད། 《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ནས་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་འཇོན་ནུས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འགོད་སྐུལ་སྤེལ་གཏང་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ། 《ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི2020ལོ་གཙོ་གནད་ལས་དོན》ལ་གྲོས་བསྡུར་བྱས་པ་རེད། ལིའུ་ཁྲེང་མིང་གིས《ཆོད་དོན(འཆར་ཟིན)》ཚོགས་ཆེན་ལ་གསལ་བཤད་མཛད་པ་དང2020ལོའི་ཁུལ་ཨུའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཚུལ་ལ་གཞིགས་ནས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་ཚུན་གྱི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་ལྔ་པ་དང་ཐེངས་དྲུག་པའི་སྙིང་དོན་ལག་ལེན་ཟབ་མོ་བྱས་ཤིང་། བརྟན་ཁྲོད་ཡར་འཕེལ་གྱི་ལས་ཀའི་སྤྱི་ཡོངས་གཙོ་གཞི་རྒྱུན་འཁྱོངས་བྱས་པ་རེད། ཁུལ་ཨུས་དམིགས་ཡུལ་གཅིག་ལ་གཞིགས་པ་དང་འགག་རྩ་གཉིས་དམིགས་སུ་ཐོན་པ། དོན་ཆེན་གསུམ་དམ་འཛིན་ཡག་པོ། ཞན་ཆ་ཆེན་པོ་བཞི་གསབ་སྣོན། རྨང་གཞི་ལྔ་བརྟན་པོ་འདིང་བ།འཐབ་ཇུས་དྲུག་ལག་ལེན་བྱ་རྒྱུའི་སྤྱི་ཡོངས་ཀྱི་ལས་དོན་ཆགས་ཚུལ་ལ་དམིགས་ནས་དཀའ་ཚེགས་འགག་སྒྲོལ། ཧུར་ཐག་འབད་འཐབ་བཅས་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་ལས་འགན་སེམས་ལ་བརྟན་པོ་འཆང་བའི་གཙོ་དོན་སློབ་གསོ་ཏན་ཏིག་སྤེལ་ནས་སྤྲོ་སེམས་འཕེལ་བའི་ངང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས་པ་དང་། འཐབ་ཇུས་ཆེན་པོ་དྲུག་ལག་ལེན་ཟབ་མོ་བྱས་པ་དང་གསུམ་གཏོད་མཉམ་འགུལ་གཅིག་གྱུར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཆེན་པོ་བཅུའི་བྱ་སྤྱོད་སྤེལ་ཏེ་དཀར་མཛེས་ཁུལ་གྱི་གྲོང་གསར་འཛུགས་སྐྲུན། དར་མདོ་དང་ལྕགས་ཟམ་ཁ་དཔེ་གསར་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་བ་དང་། གྲོང་གསེབ་དར་སྤེལ་ལ་རིམ་བཞིན་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ཟབ་ཏུ་སྤེལ་ཞིང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་ཟབ་མོ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་གྱི་ས་ཁོངས་འཕེལ་རྒྱས་གཏོང་བའི་ཆགས་ཚུལ་གསར་པའི་ནང་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་གྱི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་པར་བརྟེན། ཁུལ་ཡོངས་སུ་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་བཅོས་ཡོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། ལས་བྱེད་པ་དང་མང་ཚོགས་ཚོས་ཤུགས་སྐྱེད་ལས་སྒྲུབ་བྱས་པའི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏང་རྒྱུའི་སྤྱི་ཡོངས་དང་ཡུན་རིང་གི་ཆར་འགོད་ལ་དམིགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་དུ་མར་ཆེད་དོན་ཞིབ་འཇུག་བྱས་པར་མ་ཟད་གཏན་འབེབས་བྱས་པ་རེད། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཐོག་དང་སྤྱི་ཡོངས་ཐོག འཐབ་ཇུས་ཐོག་ཁྱོན་ཡོངས་ནས་བསམ་གཞིག་བྱས་ཤིང་། མིག་སྔར་གཞི་ཚུགས་པ་དང་དུས་ཡུན་རིང་པོར་དམིགས་ཏེ་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་དེ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན་པ་རེད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱས་པར་མ་ཟད་ཆོད་དོན་བྱས་ཏེ། ང་ཚོས་གཞི་རིམ་བཅོས་སྐྱོང་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་བར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གཞི་རིམ་ནི་རྒྱལ་ཁབ་བཅོས་སྐྱོང་གི་མཇུག་སྣེ་ཡིན་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་གྲལ་ཡང་ཡིན་པ་རེད། དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་པའི་བར་གྱི་འགལ་ཟླ་གཙོ་བོ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ཏཱ་ལའི་ཚོགས་པས་མཚོན་པའི་ཁ་བྲལ་སྟོབས་ཤུགས་ཀྱི་དམིགས་བསལ་འགལ་ཟླ་ཡུན་རིང་པོར་མཉམ་གནས་ཡིན་ཞིང་། གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པར་གསོན་ཉམས་ལྡན་པའི་ལག་ལེན་དང་། དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་ཁྱོན་ཡོངས་ནས་བརྟན་བརླིང་། ཡུན་རིང་བརྟན་བརླིང་བཅས་ཡོང་བར་ཁག་ཐེག་བྱེད་པའི་དགོས་མཁོ་དངོས་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ཡུན་རིང་བདེ་འགོད་མངོན་འགྱུར་ཡོང་བ་དང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་འཆམ་མཐུན། འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་འགན་ལེན་ནུས་ལྡན་ཞིག་ཡིན་པས་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་བཀའ་སློབ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་བོད་ལྗོངས་ལས་དོན་དང་གཞི་རིམ་བཅོས་སྐྱོང་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གདིང་ཟབ་བྱེད་ཅིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བློ་རྩ་བརྟན་པོར་བྱེད་པ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ། ཡུན་རིང་བདེ་འགོད་ཡོང་བ་དེས་དམིགས་འབེན་དུ་བྱས་ཤིང་མང་ཚོགས་ཀྱི་དགོས་མཁོ་དེས་ཁྲིད་སྟོན་དུ་བྱེད་པ་དང་། བཅོས་བསྒྱུར་ཟབ་སྤེལ་གཏོང་བ་དེས་སྒུལ་ཤུགས་སུ་བྱེད་པ། “འཐབ་ཇུས་ཆེན་པོ་དྲུག”གིས་གཞི་སྟེགས་བྱེད་ཅིང་། “གསུམ་འཛུགས་མཉམ་འགུལ”གྱིས་གཞི་འཛིན་སར་བྱེད་པ་བཅས་བྱས་ཤིང་། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་གཙོ་ཕྱོགས་ལས་འགན་འདི་དང་ཆོས་ལུགས་དོ་དམ་བྱ་རྒྱུའི་གལ་ཆེན་ནང་གི་འགངས་ཆེན་འདི། ཁྲིམས་ལྟར་རྒྱུན་རྣམ་ཅན་གྱི་དོ་དམ་བྱ་རྒྱུའི་གནད་འགག་གི་བྱེད་ཐབས་འདི། མི་རིགས་མཐུན་སྒྲིལ་གྱི་ཐབས་ལམ་གལ་ཆེན་འདི། དམངས་འཚོ་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་འདི། ཏང་གིས་འགོ་ཁྲིད་བྱེད་པའི་གཞི་རྩའི་འགན་སྲུང་འདི་བཅས་ཐམས་ཅད་ཁོང་དུ་ཡང་དག་པར་ཆུད་པར་བྱེད་ཅིང་། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་འདུས་བཅོས་སྐྱོང་། འབྱུང་རྩ་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། མི་འདང་ས་ཁ་གསབ་དང་ཞན་ཆ་གསབ་ཤུགས་ཆེ་རུ་གཏོང་བ། ནང་སྲོལ་འཛུགས་པ། ནུས་པ་མཐོར་འདེགས་པ་བཅས་ལ་ཤུགས་ཆེན་བརྒྱབ་སྟེ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་བསྐྲུན་དགོས། 2021ལོར་བསླེབ་ཚེ། གཞི་རིམ་བཅོས་སྐྱོང་ནུས་པ་མངོན་གསལ་མཐོར་འདེགས་ཕྱིན་པ་དང་། གཞི་རིམ་གྱི་སྤྱི་པའི་ཞབས་ཞུ། སྤྱི་པའི་དོ་དམ། སྤྱི་པའི་བདེ་འཇགས་བཅས་ལ་འགན་སྲུང་གོ་ཆོད་པོ་འཐོབ་པ། མཉམ་འཛུགས་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་གི་རྣམ་པ་རགས་ཙམ་ཆགས་གང་ཐུབ་བྱས་ཏེ། ཆོས་ལུགས་སྤྱི་ཁོག་ཐོག་ནས་ཞི་མཐུན་ཡིན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཡོང་བ་བཅས་ཁག་ཐེག་བྱ་དགོས། 2035ལོར་བསླེབ་ཚེ། ཏང་གིས་རྩ་འཛུགས་འགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་ཕྱོགས་མང་མཉམ་ཞུགས་དང་བཅོས་སྐྱོང་མཉམ་བྱེད། འཕེལ་རྒྱས་མཉམ་སྐུལ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་དེ་བས་འཐུས་ཚང་གཏན་འཁེལ་ཡིན་པ་དང་། ཁུལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གོ་ཆོད་པོ་དང་གསོན་ཤུགས་འབར་བ། འཆམ་མཐུན་སྒྲིག་ཡོད་བཅས་ཡིན་ཞིང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཧ་ལམ་མངོན་འགྱུར་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་ཆེད་དུ་རྨང་གཞི་སྲ་ཞིང་བརྟན་པ་ཞིག་གདིང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སེམས་ཐག་གཙང་བཅད་ཀྱིས་ཆབ་སྲིད་ཉེན་མེད་དང་སྲིད་དབང་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས། བཅའ་ཁྲིམས་ལྟར་དགོན་པ་བཅོས་སྐྱོང་དང་གྲྭ་བཙུན་དོ་དམ་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་འཕྲོད་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་དགོས། བཅའ་ཁྲིད་ལྟར་རྒྱུན་རྣམ་ཅན་བཅོས་སྐྱོང་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར(རང་སྐྱོང་ཁུལ)ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་གཏང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ཡིས་རིག་གནས་འཛུགས་སྐྱོང་བྱེད་པར་ཁྲིད་སྟོན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱ་རྒྱུ་དང་། མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱས་པར་བརྟེན། ཁྲིད་སྟོན་ཡང་དག་པ་བྱེད་པའི་གླེང་ཕྱོགས་ལས་ཀའི་ནང་རྐྱེན་རྒྱུན་འཁྱོངས་བྱས་ཏེ་མི་དམངས་བདེ་སྡོད་ལས་བརྩོན་གྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་དགོས། སྐྱེ་ཁམས་དམིགས་སུ་བཀར་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཡུན་ཕན་ནང་རྐྱེན་འཛུགས་སྐྱོང་བྱེད་པ། སྐས་རིམ་བཞིན་དུ་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ཡུན་ཕན་ནང་རྐྱེན་འཐུང་སྒོ་ཚང་དུ་གཏོང་བ།གྲོང་གསེབ་དམངས་འཚོ་འགན་སྲུང་བྱེད་པའི་ལམ་ལུགས་འཐུང་སྒོ་ཚང་བཏང་གཅིག་གྱུར་འཆར་འགོད་བྱས་ནས་ཡུན་རིང་བདེ་འགོད་ཡོང་བར་དངོས་པོའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་གཏན་པོ་འཆང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་བཀོད་སྒྲིག་དང་བཀོལ་སྐྱོད་བྱེད་པའི་ཚོད་འཛིན་ལྟ་སྐུལ་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་གཞི་གཅིག་ཏུ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པའི་སྒྲིག་གཞིའི་ནང་རྐྱེན་འཛུགས་སྐྱོང་བྱས་ནས་ཡུན་རིང་བདེ་འགོད་ཡོང་བའི་རྩ་འཛུགས་ཀྱི་འགན་སྲུང་སྲ་བརྟན་གཏང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་དོན་འཁྱོར་ཡོང་བར་ཁག་ཐེག་བྱེད་པ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། དྲིལ་བསྒྲགས་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་ཡིད་ཆེས་བརྟན་པོ་འཆང་བ། བཅོས་བསྒྱུར་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་གཏན་དུ་སྐྱེ་སྟོབས་ཀྱི་གསོན་ཤུགས་སོར་གནས་ཐུབ་པ། ཏང་འཛུགས་ཀྱིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྐྱོང་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། གཞི་རིམ་བཅོས་སྐྱོང་བྱེད་པའི་ལམ་ལུགས་གསར་གཏོད་དང་འཇོན་ནུས་པ་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་མ་ལག་དང་ལས་ཀར་སྐུལ་འདེད་གཏོང་བའི་ནང་རྐྱེན་འཛུགས་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། 2020ལོ་ནི་ཁྱོན་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ལོ་བརྒྱ་དང་པོའི་འབད་འཐབ་ཀྱི་དམིགས་ཡུལ་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡང་ཡིན་པར་བརྟེན། སོང་ལོའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཏོང་བ་སྦྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྱོན་ཡོངས་ནས་དབུལ་ཐར་དང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པར་ཁག་ཐེག་བྱ་དགོས། ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པ་དང་ཡོང་རིང་བདེ་འགོད་གཅིག་གྱུར་ཡོང་བར་རྒྱུན་འཁྱོང་བྱ་དགོས་པ་དང་། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྐྱོང་བྱེད་ནུས་ཇེ་དྲག་ཏུ་གཏང་དགོས། སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་བྱ་རྒྱུ་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སང་ལོའི་ལས་དོན་གྱི་རྣམ་པ་གསར་གཏོད་བྱ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏང་དགོས། བཅོས་སྐྱོང་གི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འགན་འཁྲི་འཁུར་ཕོད་པའི་འཇོན་ཐང་ཆེན་པོ་སྦྱོང་བརྡར་བྱེད་པ། ཐུགས་ཁུར་དང་གཅེས་སྐྱོང་ལ་སྣང་ཆེན་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་ཁྲིད་སྟོན་ཡང་དག་པ། ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཆགས་པ། འགན་འཁུར་དང་བྱས་རྗེས་འཇོག་པའི་རྣམ་པ་བཟང་པོ་བསྐྲུན་ཏེ། འགན་འཁུར་དང་བྱས་རྗེས་འཇོག་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱ་དགོས། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཡུལ་ལས་འགན་ལ་དམ་པོར་དམིགས་ཏེ་ད་ལོའི་ལས་དོན་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ནས་སང་ལོའི་ལས་དོན་ཡག་པོ་སྒྲུབ་པ་དང་བཀོད་སྒྲིག་ཡག་པོ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་དབུལ་ཐར་འགག་སྒྲོལ་ལ་ཆོད་སེམས་འཆང་བ་དང་གོམ་སྟབས་གཅིག་གྱུར་གྱིས་འབྱོར་འབྲིང་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་འགག་རྩའི་དུས་རིམ་ཞིག་དང་། ལོ་ཧྲིལ་པོའི་དམིགས་ཡུལ་ལ་གདོང་མཆོང་བྱེད་པ་དང་སང་ལོའི་ལས་དོན་གྱི་གལ་ཆེན་ཇུས་འགོད་བྱེད་པའི་དུས་མཚམས་སུ་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏུ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཡོངས་ཁྱབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ། ལམ་ལུགས་གསར་གཏོད་བཅོས་བསྒྱུར་བྱེད་པ་བཅས་བྱས་ནས་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། རིམ་ཁག་སྡེ་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རང་རྟོགས་ངང་ལམ་ལུགས་ལ་གོང་བཀུར་དང་། ལམ་ལུགས་ལག་བསྟར་ནན་པོ། ལམ་ལུགས་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱ་རྒྱུར་སྐུལ་ཁྲིད་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་སྔོན་ལ་མཱ་གོ་ཀྲུང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་བཅད་པ་ཁས་ལེན་བྱས་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཀར་མཛེས་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་ཕྱོགས་ཡོངས་དང་གོམ་སྟབས་གཅིག་གྱུར་གྱིས་སྤྱི་ཚོགས་ཡུན་རིང་བདེ་འགོད་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཁུལ་བཙུགས་ནས་ལོ་འཁོར70འཁོར་བར་ལེགས་སྐྱེས་འབུལ་དགོས།།
(ཡེ་མིང་།བདེ་སྐྱིད། ཐུབ་བསྟན། དབྱངས་ཅན། ཀུན་དགའ་བཅས་ཀྱིས་བསྒྱུར། )
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10