གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ད་ལོའི་ལོ་མཇུག་ལྕགས་ཟམ་རྫོང་གི་བར་དུ་ཤར་གཏོང་ཐུབ་རེ་ཡོད། སང་ལོའི་ལོ་མཇུག་ལ་དར་མདོའི་བར་དུ་ཤར་གཏོང་ཐུབ་རྒྱུ་རེད།

བདེ་སྐྱིད་ཀྱིས་བསྒྱུར།        2017-02-16

      མིག་སྔའི་འཕེལ་རིམ་ལ་གཞིགས་ན།   ཧྥེ་ཞན་ཀོན་གྱི་ཧ་ཅང་རིང་བའི་ཕུག་ལམ་དེ་ད་ལོའི་སྤྱི་ཟླ7པའི་ནང་ཕུག་ཚར་རྒྱུ་རེད།  གོང་རིམ་གྱི་རེ་འདུན་དང་སྤྱི་ཡོངས་ཀྱི་འཕེལ་རིམ་ལ་གཞིགས་ན།  གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་གཞུང་ལམ་དེ་ད་ལོའི་ལོ་མཇུག་སྔོན་ཨར་ལས་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

      གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན།  གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ98ཡོད་ཅིང་།  འོན་ཀྱང་འབྲེལ་མཐུད་བའི་ཁྲེང་ཏུའུ་ནས་གཡག་རྔ་བར་དང་གཡག་རྔ་ནས་ཞི་ཁྲང་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྦྲེལ་མཐུད་རྒྱུ་དེ་བརྩིས་ན།  གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་གཞུང་ལམ་གྱི་རིང་ཚད་སྤྱི་ལེ81ལས་མེད་པས་ཆུ་ཚོད་གཅིག་གི་ནང་ཚུན་ལྕགས་ཟམ་ཁར་སླེབས་ཐུབ་རྒྱུ་རེད། མིག་སྔར་རྒྱལ་སྲུང་གཞུང་ལམ318པའི་གཡག་རྔ་ནས་ལྕགས་ཟམ་ཁའི་བར་རླངས་འཁོར་ཆུ་ཚོད་གསུམ་རྒྱུག་དགོས་པ་རེད།  2018ལོའི་ལོ་མཇུག་ལ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།  ངོ་སྤྲོད་བྱས་པ་ལྟར་ན། དེའི་སྐབས་སུ་ཁྲེང་ཏུའུ་ནས་དར་མདོའི་བར་རླངས་འཁོར་བཏང་ནས་ཡོང་ན་ཆུ་ཚོད3ལས་འགོར་རྒྱུ་མ་རེད།  གཡག་རྔའི་འུ་ལ་རི་བོ་དང་སྐད་སྦུག་ཆུ་ལྗོངས་ཁུལ།  དཀར་མཛེས་ཁུལ་གྱི་ལྕགས་ཟམ་ཁ།  དུང་དཀར་ལུང་པ།  དར་མདོའི་མཛའ་གཞས་སོགས་ཀྱི་ལྗོངས་ཁུལ་ཚང་མ་གཞུང་ལམ་དེའི་བརྒྱུད་ཡུལ་དུ་ཡོད་པ་ལས་ཡུལ་སྐོར་བ་སྔར་ལས་འབེལ་པོ་ཡོང་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཇུས་འགོད་འཆར་གཞི་ལེགས་སུ་བཏང་ནས་སྤུས་ལེགས་ཀྱི་ཨར་ལས་བཟོ་སྐྲུན་བྱེད་གང་ཐུབ་བྱ་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།