ཁུལ་འགོ་ཁྲིད་ཁྲེང་ཏུའུ་རུ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་པའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུ་བར་ཕེབས།

ལྷ་འཛོམས་ཀྱིས་བསྒྱུར།        2017-01-23

ཟླ་བ་དང་པོའི་ཚེས18ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཁག་བགོས་ནས་འཚམས་འདྲི་ཚོ་ཆུ་སྣེ་ཁྲིད་དེ་རང་ཁུལ་གྱི་ཁྲེང་ཏུའུ་རུ་ཡོད་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་དང་སྐུ་འདས་པའི་རྒན་གྲས་ཀྱི་ཁྱིམ་མི་ཆ་ཤས་ལ་འཚམས་འདྲི་གནང་སྟེ། ཁོང་རྣམ་པར་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་གཟིགས་སྐྱོང་སྟེར་བར་བཀྲ་ཤིས་སྨོན་འདུན་ཞུ་བར་མ་ཟད། ཁྲེང་ཏུའུ་ཡོད་པའི་ཁུལ་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་དང་བཞུགས་མོལ་གནང་སྟེ་ཕན་ཚུན་་ལོ་གསར་ལ་བཀྲ་ཤིས་ཞུ་བ་དང་མཉམ་དུ་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་གཏང་རྒྱུ་སྐོར་ལ་གྲོས་འགོ་འདོན་པ་རེད།

ལིའུ་ཁྲེང་མིང་གིས་འགོ་ཁྲིད་རྒན་པ་དང་རྒན་རབས་པ། བློ་མཐུན་རྒན་པ་བཅས་ཀྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཁྱེད་རང་ཚོ་དཀར་མཛེས་ཁུལ་གྱི་བྱས་རྗེས་ཅན་དང་མངོན་སྟོན་བྱེད་ས་ཡིན་པ་འདི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་རེད། ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚབ་ཞུས་ནས་རྒན་གྲས་རྣམ་པར་བཀའ་དྲིན་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

བཞུགས་མོལ་བྱེད་སྐབས་འགོ་ཁྲིད་རྒན་པ་མཁྱེན་རབ་དང་ཉིང་ཧྲའོ་ཝུའུ། གོ་ཚུལ་ཁྲིམས་སོགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་ཚང་མས་སྔ་བཞིན་རང་ཁུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་དོ་ཁུར་བྱེད་པར་མ་ཟད། མི་རབས་རྗེས་མར་སློབ་གསོ་ཡག་མོ་བྱས་ཏེ་དཀའ་ངལ་ལ་མི་འཛེམས་པའི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་བཅུག་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ལས་ཞུགས་ཀྱི་དབུལ་སྐྱོར་ལས་ཀར་དམ་འཛིན་བྱས།
  • དོ་སྣང་ཆེ་བའི་རྩོམ།