དཔལ་ཡུལ་རྫོང་གི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་སྙིང་དོན་སྒྲོལ་འགྲེལ་བྱས།

ཕུན་ཚོགས་སྒྲོལ་མ།        2017-01-20

ཉེ་ཆར། དཔལ་ཡུལ་རྫོང་གི་མང་ཚོགས་སྒྲོག་འགྲེལ་ཚོགས་པ་སྔ་ཕྱི་ཁྲོམ་ཐར་ཕྱོགས་ཀྱི་ཨ་ཚབ་དང་འདམ་ཐར།  འབའ་ཆུང་།  སྨྱོ་ཤུག  ཨ་འཛི་ཡུལ་ཚོ་སོགས་སུ་སྐྱོད་ནས།  ཡུལ་དེ་གེའི་མང་ཚོགས་དང་དགེ་འདུན་པ། ལས་བྱེད་པ་སོགས་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་གྲོས་ཚོགས་ཐོག  སྒྲོག་འགྲེལ་པས་ས་ཆའི་ངོ་བོ་དང་སོ་སོའི་ལས་ཀའི་དོན་དངོས་དང་འབྲེལ་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གལ་ཆེ་བའི་སྙིང་དོན་ལ་རྒྱུས་ལོན་ཟབ་མོ་བྱ་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་། ཁྱོན་ཡོངས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་བྱེད་པ། ཁྱོན་ཡོངས་ནས་ཏང་ནང་ཁུལ་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། འགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པར་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་ཆད་རང་རེའི་ཞིང་ཆེན་དང་རང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་གནས་ཚུལ་སོགས་ཕྱོགས་དྲུག་གི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གསལ་བཀྲོལ་བྱས། མཐོ་ཚད་གསར་པ་དང་། བསམ་བློ་གསར་པ། ལམ་ལུགས་གསར་པ། བྱེད་ཐབས་གསར་པ། བླང་བྱ་གསར་པ། བྱ་སྤྱོད་གསར་པ་བཅས་ཀྱིསགནས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིགདང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིགགི་གལ་ཆེ་བའི་སྙིང་དོན་དང་གཞི་རྩའི་ནང་དོན། བྱེད་ཐབས། བླང་བྱ་བཅས་ཁྱོན་ཡོངས་གསལ་བཀྲོལ་བྱས་པ་རེད།

ཐོ་འགོད་ལྟར།ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ལ་རྫོང་ཨུའི་རྫོང་སྲིད་གཞུང་གིས་གདེང་མཇོག་ཆེན་པོ་གནང་ཡོད་པར་མ་ཟད།སྔ་ཕྱི་ཉིན་ལྔའི་རིང་མི་སྣ5500ལྷག་ཚོགས་འདུར་ཞུགས་ནས་སྒྲོག་འགྲེལ་བྱེད་པའི་སྙིང་དོན་ཉམས་སུ་མྱོང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་དོ་དམ་བྱ་རྒྱུར་སྐུལ་འདེད་གཏང་།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་དབུལ་ཕོངས་ཁྱིམ་ཚང༩༨༣ལ་བདེ་སྐྱིད་ཀྱི་བསམ་དོན་གྲུབ།
  • དོ་སྣང་ཆེ་བའི་རྩོམ།