༢༠༡༦ལོར་རྟའུ་རྫོང་ལ་མི༡༧༡༤དབུལ་ཐར་བྱུང་ནས་གྲོང་སྡེ༡༧གྱི་དབུལ་ཕོངས་ཞྭ་མོ་ཕུད།

ཀུན་དགས་བསྒྱུར།        2017-01-18

ཉེ་ཆར།  གསར་འགོད་པས་རྟའུ་རྫོང་གིས་འཚོགས་པའི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་དོན། 2016ལོར་རྟའུ་རྫོང་ལ་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་མི1714དབུལ་ཐར་བྱས་ཏེ་དབུལ་ཕོངས་གྲོང་སྡེ17གྱི་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་རྒྱུའི་འཆར་གཞི་བཞག་པ་རེད།

2016ལོ་ནས་བཟུང་། རྫོང་དེས་གནད་དུ་འཁེལ་བའི་བྱེད་ཐབས་སྤྱད་ནས་དབུལ་སྐྱོར་གནད་སྨིན་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ2016ལོར་དབུལ་སྐྱོར་འགག་སྒྲོལ་ཐད་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་བརྩོན་ལེན་བྱས་པ་རེད།    5+22+86སྦྲེལ་བའི་བྱེད་སྟངས་སྤྱད་པའི་དབུལ་སྐྱོར་འགག་སྒྲོལ་གྱི་བཀོད་འདོམས་མ་ལག་བཙུགས་ནས་ཚན་པ་གཅིག་ཅན་ལྔའི་གྲོང་སྡོད་རོགས་སྐྱོར་ཡོངས་སུ་ཁྱབ་པ་བྱས་ཡོད། མ་དངུལ་སྒོར་ཁྲི42.8སྙོམས་སྒྲིག་བྱས་ནས་སྤྱི་ཕན་རིགས་ཀྱི་ལས་གནས123གསར་སྣོན་བྱས་ཡོད་པ་རེད།  སྔོན་རྩིས་བྱས་པར་གཞིགས་ན། དུད་ཚང246གི་མི1135ཡི་གནས་སྤོའི་བཀོད་སྒྲིག་ལས་དོན་གྲུབ་པ་རེད། ཚད་གཞི་གཉིས་གཅིག་གྱུར་གྱི་སྲིད་ཇུས་ལ་སྐུལ་འདེད་བཏང་ནས་སྲིད་ཇུས་ལག་བསྟར་ཁོངས་གཏོགས་ཀྱི་མི1649ཚང་མ་མ་མཐའི་འཚོ་རྟེན་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་པ་དང་སྨན་བཅོས་རོགས་སྐྱོར་བྱ་རྒྱུའི་ཆ་རྐྱེན་འཛོམས་པའི་དབུལ་ཕོངས་མི་སྣ150ནད་གཞི་ལྕི་རིགས་ཀྱི་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་ཡོད་པ་རེད། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་སྙོམས་སྒྲིག་ལག་བསྟར་གྱི་ཇུས་གཞི་གཏན་འབེབས་བྱས་ནས་གཅིག་གྱུར་འཆར་འགོད་ཀྱིས་སྙོམས་སྒྲིག་ལས་གཞིའི་མ་དངུལ་སྒོར་ཁྲི7744.7ལ་ཟིན་པ་རེད། ཐུན་མོང་དཔལ་འབྱོར་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཕོངས་གྲོང་སྡེ86ལ་ཐོན་ལས་འཕེལ་རྒྱས་ཀྱི་འཁོར་རྒྱུག་མ་དངུལ་དང་ཐོན་ལས་འཕེལ་རྒྱས་མ་དངུལ་སྒོར་ཁྲི3010གཏོང་སྤྲོད་བྱས་ཡོད་པས་ཆེད་ལས་མཉམ་ལས་རྩ་འཛུགས་ཡོངས་སུ་ཁྱབ་པའི་རྣམ་པ་མངོན་འགྱུར་བྱུང་ཡོད་པ་རེད། སྔོན་རྩིས་བྱས་པར་གཞིགས་ན། དབུལ་ཕོངས་གྲོང་སྡེ17དབུལ་ཐར་དང་དུད་ཚང375ཡི་མི1714ཡི་དབུལ་ཐར་ལས་འགན་ལེགས་འགྲུབ་བྱུང་བ་རེད། དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་གཏོང་བའི་ཁྲོད་དུ་རྫོང་དེས་འགོ་ཁྲིད་ཡག་པོ་དང་སྐུལ་སློང་ཤུགས་ཆེན།  བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ནས་ཚད་བརྒལ་ཐོན་ཁུངས་སྙོམས་སྒྲིག་བྱས་པ་དང་།  འབྱོར་འབྲིང་གི་ལམ་བུའི་ཐོག་བསྐྱོད་པར་དུད་ཚང་གཅིག་དང་མི་གཅིག་ཀྱང་མི་ལུས་པར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་རྒྱང་རིང་འབྲོག་ཁུལ་དུ་སྦྲག་སྲིད་འཕྲུལ་རྟ་ཡོད།
  • དོ་སྣང་ཆེ་བའི་རྩོམ།