རང་ཁུལ་གྱིས་ཏང་འཛུགས་འགན་འཁྲི་དོན་འཁྱོལ་བྱས་པའི་ལས་འགན་བསྒྲུབས་ཚུལ་གྱི་དཔྱད་མོལ་ཚོགས་ཆེན་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-01-16

ཟླ་བ་དང་པོའི་ཚེས10ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་གྲོས་ཚོགས་འཚོགས་ཏེ 2016ལོར་རྫོངགྲོང་ཁྱེརཏང་ཨུ་ཧྲུའུ་ཅིས་ཏང་འཛུགས་འགན་འཁྲི་དོན་འཁྱོལ་བྱས་པའི་ལས་འགན་བསྒྲུབས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་བར་མ་ཟད།  རེ་རེ་བཞིན་དུ་ཡུལ་དངོས་སུ་དཔྱད་བརྗོད་མཛད་པ་དང་། 2017ལོའི་ལས་ཀར་བླང་བྱ་བཏོན་པས་མ་ཚད་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཉིས་དོན་འཁྱོལ་བྱ་རྒྱུའི་ཐད་གཅིག་བསྡུས་ཀྱིས་ཁ་ཆད་གླེང་མོལ་བྱས་པ་རེད།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུའི་ཏང་ཡོན་སློབ་གསོ་ལྟེ་གནས་ཀྱི་བརྟག་དཔྱད་ཞིབ་འཇུག་པ་ཁྲེང་ཏུང་དང་ཏང་ཡོན་སློབ་གསོ་ལྟེ་གནས་ཀྱི་ལག་རྩལ་པུའུ་ཡི་ཀྲུའུ་རེན་ལི་ཀྲི་ཚོགས་འདུའི་ཐོག་ཕེབས་ནས་ཁྲིད་སྟོན་གནང་བ་རེད།

ལིའུ་ཁྲེང་མིང་གིས་བསྟན་དོན། ལོ་གཅིག་རིང་ལ་རིམ་ཁག་ཏང་ཨུས་བརྩེ་སེམས་ཟབ་མོ་བཅངས་ནས་ཤུགས་འདོན་སྐུལ་སློང་བྱས་པ་དང་འགན་འཁྲི་དོན་འཁྱོལ་ནན་འཛིན་བྱས་ནས་ཏང་འཛུགས་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  ཁོང་གིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཡོ་འགུལ་གཏན་ནས་མེད་པར་འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་ནས་རྒྱུན་ཆད་མེད་པར་ཏང་གིས་བོད་ཁུལ་དུ་སྲིད་འཛིན་བྱས་པའི་རྨང་གཞི་དང་འགོ་ཁྲིད་གནས་ཐང་ཇེ་བརྟན་དུ་གཏང་དགོས།  གཡོ་འགུལ་གཏན་ནས་མེད་པར་སྙིང་སྟོབས་བཅུད་སྣོན་བྱས་ཏེ་རྒྱུན་ཆད་མེད་པར་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། གཡོ་འགུལ་གཏན་ནས་མེད་པར་གཞི་རིམ་གྱི་རྨང་གཞི་བརྟན་པོ་བཏིང་ནས་བོད་ཁུལ་གྱི་འཐབ་འཛིང་བཙན་རྫོང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། གཡོ་འགུལ་གཏན་ནས་མེད་པར་འཇོན་ནུས་བྱང་ཚད་མཐོར་འདེགས་བཏང་ནས་འཇོན་ལྡན་མི་སྣའི་ལས་བྱེད་པ་རྒྱུན་ཚུལ་གསར་པའི་བླང་བྱ་གསར་པ་དང་འཕྲོད་མཐུན་ཡོང་བར་སྐུལ་སྤེལ་གཏང་དགོས།  གཡོ་འགུལ་གཏན་ནས་མེད་པར་ལམ་ལུགས་ནང་རྐྱེན་ཇེ་ཡག་ཏུ་བཏང་ནས་ལམ་ལུགས་ཀྱིས་ཏང་སྐྱོང་བའི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་གཏང་དགོས།

ལིའུ་ཁྲེང་མིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཡག་མོ་བྱེད་དགོས་ན་གནད་འགག་ནི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དང་གཙོ་གནད་ནི་འགོ་ཁྲིད་ལས་བྱེད་པ་ལ་རག་ལས་པ་རེད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་སྣེ་ཁྲིད་དང་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་གཙོ་གནད་མངོན་གསལ་དོད་པོ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་དཀའ་ངལ་ཡོད་པའི་ཞིང་འབྲོག་དུད་ཚང༧༠རྫོང་གི་བཀོད་འཇོག་ས་ཚུགས་སུ་སྤོས་ཐུབ་པ་བྱུང་།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།