2017-01-12
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་ལས་ཚབ་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གཞུང་ལས་ཀའི་སྙན་སེང་གནང་བར་གསན་འཇོག་དང་གྲོས་ཞིབ་བྱས་པ་རེད། གྲོས་ཚོགས་ཐོག་ཁུལ་མི་དམངས་སྲིད་གཞུང་གི་འདས་པའི་ལོ་ལྔའི་ལས་ཀར་ཁས་ལེན་གང་ལེགས་གནང་བ་དང་། སྙན་སེང་ནང་བཏོན་པའི་ཕྱིན་ཆད་ཀྱི་ལོ་ལྔའི་སྤྱི་ཚོགས་དཔལ་འབྱོར་གྱི་དམིགས་འབེན་ལས་འགན་གཙོ་བོ་དང2017ལོའི་ལས་ཀ་བཀོད་སྒྲིག་ལ་མོས་མཐུན་བྱུང་ནས་སྙན་སེང་དེར་ཆོག་མཆན་གནང་བ་རེད།
གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། འདས་པའི་ལོ་ལྔ་ནི་ཁུལ་ཡོངས་ཀྱི་འཕེལ་རིམ་ཁྲོད་སྤྱིར་བཏང་རང་མིན་པའི་ལོ་ལྔ་ཡིན་པས། དཔལ་འབྱོར་མར་ཁ་ཤོར་བའི་གནས་ཚུལ་རྒྱུན་སྲིང་ཇེ་དྲག་ཏུ་འགྲོ་བ་དང་རང་བྱུང་གནོད་འཚེ་བསྟུད་མར་བྱུང་བ། འགལ་བ་སྣ་མང་འདྲེ་བའི་གནས་བབ་རྙོག་འཛིང་ཆེ་བ། ཁུལ་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱིས་དབུ་ཁྲིད་གནང་འོག་གོ་སྐབས་འཕྲོག་འཛིན་དང་འབད་འཐབ་བྱས་ནས་མདུན་དུ་སྐྱོད་ཅིང་། དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཐོག་ཕྱོགས་བསྡུས་དངོས་ཤུགས་ཆེས་ཆེ་བ་དང་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་ཆེས་ཆེ་བ། དམངས་འཚོ་ལེགས་སུ་གཏོང་བའི་གྲུབ་འབྲས་ཆེས་ཡག་ཤོས། མང་ཚོགས་ཀྱི་དངོས་ཕན་ཐོབ་མང་ཤོས་ཀྱི་དུས་རིམ་ཞིག་གསར་སྐྲུན་བྱས་ཡོད།
གྲོས་ཚོགས་ཀྱིས་ནན་པོར་བསྟན་དོན། དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཁུལ་ཡོངས་ཀྱི་མི་དམངས་ཀྱི་བསམ་འདུན་བཟང་པོ་བཅངས་ཡོད་ལ་དཀར་མཛེས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་ཞིག་མངོན་པ་མཚོན་ཡོད། འབྱུང་འགྱུར་གྱི་ལོ་ལྔ་ལ་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་འདུའི་བཀོད་སྒྲིག་ལྟར་དཔལ་འབྱོར་དར་རྒྱས་དང་།འཚོ་བ་ཕྱུག་པོ། འཆམ་མཐུན་བརྟན་བརླིང་། དམངས་གཙོ་དཔལ་ཡོན། ཁྱིམ་གཞིས་མཛེས་པོ། འགན་སྲུང་ཤུགས་ལྡན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས་འགག་སྒྲོལ་རྒྱལ་ཆོད་དང་དངོས་གཉེར་ཁུལ་དར་བྱས་ནས་རང་ཁུལ་དེ་བདེ་བགྲོད་དང་མཛེས་སྡུག འཆམ་མཐུན། འབྱོར་འབྲིང་བཅས་སུ་བསྐྲུན་དགོས། གྲོས་ཚོགས་ནང་འབོད་སྐུལ་བྱས་དོན། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སེ་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་སློབ་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་སྲ་བརྟན་དུ་འཛིན་པ་དང་ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་གཅིག་གྱུར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དངོས་སྒྲུབ་ལག་ལེན་བྱས་པ། མཐའ་གཅིག་ཏུ་ཀྲུང་དབྱང་གི་བོད་ཁུལ་བཅོས་སྐྱོང་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ལམ་དོན་འཁྱོལ་མཐའ་ཕྱིན་པ་བྱས་པ། ཀྲུང་གུང་དཀར་མཛེས་ཁུལ་ཨུ་ཡིས་ཁྲིད་སྟོན་གནང་འོག་དུས་མཉམ་དུ་དམིགས་འབེན་གཅིག་ལ་དམ་པོར་དམིགས་ཤིང་གནད་འགག་གཉིས་དམ་འཛིན་མངོན་གསལ་བྱེད་པ། དོན་ཆེན་གསུམ་ལ་གཅིག་གྱུར་འཆར་འགོད། འཐབ་ཇུས་ཆེན་པོ་དྲུག་ལག་ལེན་ཞིབ་ཕྲ་བཅས་བྱས་ཏེ་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་། ལས་སྒྲུབ་ཏན་ཏིག་བཅས་ཀྱིས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་སྐྲུན་པ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འབད་འཐབ་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10