ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

སྐལ་ཐུབ་དང་མིག་དམར། ཀུན་དགའ། ཡེ་ཤེས།        2017-01-06


ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

      ཚོགས་ཆེན་གྱི་ཚོགས་ར།


ལི་ཁང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས།  ལས་ཚབ་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གཞུང་ལས་ཀའི་སྙན་སེང་ཞུས། 

ཟླ་བ་དང་པོའི་ཚེས6ཉིན་གྱི་སྔ་དྲོར། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།

ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི285ཡིན་ཞིང་དངོས་སུ་ཞུགས་པའི་འཐུས་མི278ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། 

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཁྲེང་མིང་། ལི་ཁང་། ལུའོ་ཀྲེན་ཧྭ། ཀྲང་ཕིང་ཧྲེན།  ལི་ཀྲི་མིང་། བློ་བཟང་ཆོས་འཕེལ། ལིའོ་ཚའེ་ཁུན། པེ་སུའུ་ཡིང་། ལེ་ཅན་ཕིང་། ཏེང་ལི་ཅུན། ཝུའུ་ཆང་། ལིའུ་ཀྲུང་ཅན། ཨ་དཀོན། ཏའེ་ལུང་། ལི་ཁྲུན་ལན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་དང་། ལི་ཁང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་རེད། 

ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱི་དབུ་ཁྲིད། དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱི་དབུ་ཁྲིད་རྣམ་པ་དང་ཞིང་ཆེན་ཁྲིད་སྟོན་དང་སྐབས་བརྗེའི་ལྟ་སྐུལ་ཚོ་ཆུང་གི་འགོ་ཁྲིད་སོགས་གདན་ཞུ་ལྟར་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད། 

ཚོགས་ཆེན་ཐོག་ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ་རེད། 

སྙན་སེང་ནང་བསྟན་དོན། འདས་པའི་ལོ་ལྔའི་རིང་སྐབས་བཅུ་གཅིག་པའི་ཁུལ་སྲིད་གཞུང་གིས་མ་སྐུལ་དང་བླངས་ཀྱིས་དཔལ་འབྱོར་གྱི་རྒྱུན་ཚུལ་གསར་པ་དང་འཕྲོད་ཅིང་བརྟན་ཐོག་ཡར་འཕེལ་ཡོང་བའི་འཕེལ་རྒྱས་ཀྱི་གནས་བབ་ཇེ་མགྱོགས་སུ་གྲུབ་པར་བྱས་ཡོད་པ་དང་ཐོན་ལས་ཆེན་པོ་དྲུག་གི་ཆགས་ཚུལ་བཟང་འགྱུར་བྱས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་ཤིག་མགྱོགས་པོར་ཆགས་སུ་བཅུག་ཡོད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་ཆེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱས་ནས་འཕེལ་རྒྱས་གཏོང་བའི་རྣམ་པ་གང་མགྱོགས་ཆགས་པར་བྱས་ཡོད།ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱས་ནས་གསར་གཏོད་ཀྱིས་སྐུལ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མགྱོགས་མྱུར་དུ་ཆགས་པར་བྱས་ཡོད། དམངས་འཚོའི་སྤྱི་ཚོགས་བྱ་གཞག་དམ་འཛིན་བྱས་ཏེ་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་འཕེལ་རྒྱས་གཏོང་ཕྱོགས་མགྱོགས་མྱུར་དུ་ཆགས་པར་བྱས་ཡོད། དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་འཆམ་མཐུན་བརྟན་བརླིང་གི་ཁོར་ཡུག་གོང་འཕེལ་གང་མགྱོགས་ཆགས་པར་བྱས་ཡོད།

ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

ལི་ཁང་གིས་གཙོ་འགན་བཞེས་བཞིན་པ།

སྙན་སེང་ནང་བསྟན་དོན། 2016ལོར། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཆེ་རུ་སོང་བའི་ཛ་དྲག་གི་དུས་བབ་ལ་ཁུལ་ཨུའི་དམིགས་འབེན་གཅིག་དང་འགག་རྩ་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་གི་ལས་ཀ་སྤྱིའི་བཀོད་སྒྲིག་ལྟར་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་འགོ་ཚུགས་པའི་ལོའི་གཙོ་གནད་ཁག་བརྒྱད་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དམ་འཛིན་ལེགས་པོ་བྱས་པ་དང་གཞི་རྩའི་ཐོག་ནས་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བཏོན་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར232.8ཡིན་ཞིང་ལོ་གོང་མ་དང་བསྡུར་ན་བརྒྱ་ཆ7འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར425ལེགས་འགྲུབ་བྱུང་ཞིང་བརྒྱ་ཆ0.7འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར80.1ཡིན་ཞིང་བརྒྱ་ཆ8འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར32.1ཡིན་ཞིང་ན་ལོའི་དུས་མཉམ་ལས་བརྒྱ་ཆ7འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་དབང་ཡོད་པའི་ཡོང་འབབ་སྒོར27176ཡིན་ཞིང་བརྒྱ་ཆ8.8འཕར་སྣོན་བྱུང་བ་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་སྤྱོད་དབང་ཡོད་པའི་ཡོང་འབབ་སྒོར9451ཡིན་ཞིང་བརྒྱ་ཆ12.4འཕར་སྣོན་བྱུང་ཡོད།

སྙན་སེང་ནང་བསྟན་དོན། ཕྱིན་ཆད་ཀྱི་ལོ་ལྔའི་ལས་ཀའི་ཁྲིད་སྟོན་བསམ་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་སྒྲེང་པ་དང་།   མར་ཁེ་སི་ལེ་ཉིང་རིང་ལུགས། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་འདུ་ཤེས་བཅས་ཀྱིས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རབ་དང་རིམ་པའི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ཟབ་མོ་བྱེད་པ།  ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་ཆགས་ཚུལ་དང་ཁྱོན་ཡོངས་བཞིའི་ཐབས་ཇུས་ཆགས་ཚུལ་ཆགས་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།   འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་ལེན་ནན་པོར་བསྟར་བ།   བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་ལག་ལེན་དོན་འཁྱོལ་བྱེད་པ།  དུས་མཉམ་དུ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་འབེན་ལ་དམ་པོར་དམིགས་ཏེ་དབུལ་ཐར་ཕྱུག་འགྱུར་དང་ཡུན་རིང་བདེ་འགོད་ཡོང་བའི་གནད་འགག་གི་བྱ་བ་གཉིས་ཡག་པོ་སྒྲུབ་པ།   འཕེལ་རྒྱས་དང་དམངས་འཚོ།   བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་བསྡོམས་བྱས་ཏེ་ཡག་པོ་སྒྲུབ་པ།   དབུལ་སྐྱོར་འགག་སྒྲོལ་དང་།   ཁྲིམས་ལྟར་ཁུལ་སྐྱོང་།   ཐོན་ལས་ཀྱིས་དམངས་ཕྱུག་བྱེད་པ།   འགྲིམ་འགྲུལ་འཛུགས་སྐྲུན་སྔོན་སྐྲུན།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་བྱེད་ནུས་རིམ་སྤོར།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་འཐབ་ཇུས་ཆེན་པོ་དྲུག་སྒྲིག་འཛུགས་དང་ལག་ལེན་ཞིབ་ཕྲ་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་པོར་བསྐྲུན་དགོས་པ་བཅས་རེད།

ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

ལས་ཚབ་ཁུལ་དཔོན་ཤའོ་ཡིའུ་ཚའེ་ཡིས་སྙན་སེང་ཞུ་བཞིན་པ།


སྙན་སེང་ནང་བསྟན་དོན། ཕྱིན་ཆད་ཀྱི་ལོ་ལྔའི་རིང་གི་འབད་འཐབ་དམིགས་འབེན་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་ལོ་རེར་ཆ་སྙོམས་བརྒྱ་ཆ 7འཕར་ཐུབ་པ་དང་།     བཟོ་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་བརྒྱ་ཆ7.5འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་འཇོག་བྱེད་ཚད་ལོ་རེར་བརྒྱ་ཆ5ཡན་འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་བརྒྱ་ཆ11འཕར་བ། ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་བརྒྱ་ཆ7ཡས་མས་འཕར་བ།     གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་ཆ་སྙོམས་ལོ་རེར་ཁག་འབྱེད་དེ་བརྒྱ་ཆ8.1དང་བརྒྱ་ཆ12འཕར་ཐུབ་པར་བྱ་རྒྱུ་དང་། བདེ་བགྲོད་མཛེས་སྡུག་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་བསྐྲུན་དགོས། གོང་སྨོས་ཀྱི་འབད་འཐབ་དམིགས་འབེན་ལ་གཞིགས་ཏེ་གཙོ་གནད་དུ་ཕྱོགས་བདུན་གྱི་ལས་ཀར་ཡག་པོ་འཛིན་དགོས་པ་སྟེ། གཅིག་ནིདབུལ་སྐྱོར་འགག་སྒྲོལ་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་དམངས་འཚོ་ལེགས་སུ་གཏང་རྒྱུའི་འགན་སྲུང་མཐོ་རུ་གཏོང་བར་སྐུལ་འདེད་གཏང་དགོས། གཉིས་ནི་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་བྱེད་པའི་ཐབས་ཇུས་ཀྱིས་སྣེ་ཁྲིད་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏང་དགོས། གསུམ་ནི་འགྲིམ་འགྲུལ་སྔོན་དུ་སྐྲུན་པའི་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱས་ཏེ་རྨང་གཞི་སྒྲིག་ཆས་མཆོང་རྒལ་ཆེན་པོ་ཡོང་བར་སྐུལ་འདེད་གཏང་དགོས། བཞི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་འཕོ་འགྱུར་ཆེན་མོ་ཡོང་བར་སྐུལ་འདེད་གཏང་དགོས། ལྔ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ཁུངས་ཀྱི་ལེགས་ཆ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དྲུག་ནི་ཁྲིམས་ལུགས་ལ་བརྟེན་ནས་ཁུལ་བཅོས་སྐྱོང་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱེད་དེ་སྤྱི་ཚོགས་ཀྱི་རྣམ་པ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏང་དགོས། བདུན་ནི་བཅོས་བསྒྱུར་གསར་སྐྲུན་ཟབ་སྤེལ་བྱ་རྒྱུས་སྣེ་ཁྲིད་བྱས་ཏེ་གཙོ་གནད་ཁྱབ་ཁོངས་གཏོར་བརྒལ་ཡོང་བར་སྐུལ་འདེད་གཏང་དགོས།

     སྙན་སེང་ནང་བསྟན་དོན། 2017ལོ་ནི་སྐབས་བཅུ་གཉིས་པའི་མི་དམངས་སྲིད་གཞུང་གི་ལས་འགོ་ཚུགས་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པ་རེད། ཕྱོགས་མང་པོའི་ཐད་ནས་དབྱེ་ཞིབ་བྱས་པའི་གནས་ཚུལ་ལ་བལྟས་ན། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ནི། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆན་ནིང་དང་བསྡུར་བ། འོག་ལ་རིགས་འགྲེ7 འཕར་བ་དང་། བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ9.0འཕར་བ། (དེའི་ནང་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ9.5འཕར་བ)སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་འཇོག་བྱེད་ཚད་བརྒྱ་ཆ5འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་བརྒྱ་ཆ10འཕར་བ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ8འཕར་བ། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་དབང་ཡོད་པའི་ཡོང་འབབ་བརྒྱ་ཆ9འཕར་བ། ཞིང་སྡེའི་སྡོད་དམངས་ཀྱིས་མི་རེའི་ཆ་སྙོམས་སྤྱོད་དབང་ཡོད་པའི་ཡོང་འབབ་བརྒྱ་ཆ13འཕར་ཐུབ་པར་བྱ་རྒྱུ།

སྙན་སེང་ནང་བསྟན་དོན། 2017ལོའི་དམིགས་འབེན་ལས་འགན་འགྲུབ་དགོས་ན།  གཤམ་གྱི་ཕྱོགས་འགའ་ཡི་ལས་ཀ་གཙོ་བོ་དམ་འཛིན་བྱ་དགོས་པ་སྟེ། གཅིག་ནི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་མངོན་གསལ་བསྒྲུབ་དགོས། གཉིས་ནི་ཐོན་ལས་འཕེལ་རྒྱས་དམ་འཛིན་མངོན་གསལ་བྱ་དགོས། གསུམ་ནི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་མངོན་གསལ་བྱ་དགོས། བཞི་ནི་མངོན་གསལ་དོད་པོས་སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབ་དགོས། ལྔ་ནི་མངོན་གསལ་དོད་པོའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་ཀ་བསྒྲུབ་རྒྱུ། དྲུག་ནི་མངོན་གསལ་ཆེ་བའི་སྒོ་ནས་བཅོས་བསྒྱུར་སྒོ་ཕྱེའི་ལས་ཀ་ཡག་པོ་འཛིན་རྒྱུ། བདུན་ནི་མངོན་གསལ་དོད་པོས་སྤྱི་ཚོགས་བཅོས་སྐྱོང་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུ།

ཚོགས་ཆེན་ཐོག 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ཚུལ་དང2017 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་སྐོར་གྱི་སྙན་སེང་དང་ཁུལ2016ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2017ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་འགོད་འཆར་ཟིན་སྐོར་གྱི་ཡིག་ཐོག་སྙན་སེང་གྲོས་ཞིབ་བྱ་རྒྱུར་སྤྲད་པ་རེད།

འབྲེལ་ཡོད་མི་སྣ་ཚོགས་ཆེན་དུ་ཞུགས་པ་རེད།  

ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོགས།

ཚོགས་ཞུགས་འཐུས་མིས་མཉམ་པར།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་སྲིད་གྲོས་ཨུ་ཡོན་རྣམས་ལ་བདེ་འདྲི་གནང་།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་སོགས་དམངས་ཆེན་འཐུས་མིར་བདེ་འདྲི་གནང་སར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།