བདེ་སྐྱིད་ཀྱིས་བསྒྱུར། 2016-12-22
ཟླ་བ12པའི་ཚེས14ཉིན་གྱི་ཕྱི་དྲོར། ཁུལ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 2015ལོའི་ལོ་འཁོར་རང་ཁུལ་གྱི་ཁམས་པའི་ཤེས་ལྡན་མི་སྣ་ཁྲི་སྟོང་གསོ་སྐྱོང་བྱ་རྒྱུ་ལས་གྲྭའི་རིགས་གསུམ་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དཔྱད་འདེམས་བྱ་རྒྱུའི་གནས་ཚུས་ཕྱོགས་བསྡོམས་དང་གསལ་བཤད་བརྡ་ཁྱབ་གཏོང་བ་དང་། ཁུལ་ཡོངས་ཀྱི་ཉེ་དུས་ཤེས་ལྡན་མི་སྣའི་ལས་དོན་གཙོ་གནད་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་ལོ་འཁོར་ནང་རང་ཁུལ་གྱིས་ཤེས་ལྡན་མི་སྣ་ཁྲི་སྟོང་གསོ་སྐྱོང་བྱ་རྒྱུའི་ལས་གྲྭ་ནང་ཁྱོན་བསྡོམས་རིགས་གསུམ་གཏོགས་པའི་ཕུལ་བྱུང་ཤེས་ལྡན་མི་སྣ4043དཔྱད་འདེམས་བྱས་ཡོད་པ་རེད། དེའི་ནང་མཐོ་རིམ་ཤེས་ལྡན་མི་སྣ58དང་ཕུལ་བྱུང་གི་འབྲིང་རིམ་ཤེས་ལྡན་མི་སྣ490 ཕུལ་བྱུང་གཞི་རིམ་གྱི་རྨང་གཞིའི་ཤེས་ལྡན་མི་སྣ3495བཅས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10