ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ཨུ﹙རྒྱས་འཛོམས﹚གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཏེ། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།

བདེ་སྐྱིད་ཀྱིས་བསྒྱུར།        2016-12-20

ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ཨུ﹙རྒྱས་འཛོམས﹚གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཏེ། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།

      ཟླ་བ12པའི་ཚེས14ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་བྲག་འགོ་རྫོང་དུ་ཁུལ་ཨུའི་རྒྱུན་ཨུརྒྱས་འཛོམསགྲོས་ཚོགས་ཀྱི་གཙོ་འགན་བཞེས་ཏེ།  ད་ལོའི་ཁུལ་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་དབུལ་ཐར་འགག་སྒྲོལ་དང་རྒྱལ་ས་ཁོར་ཡུག་སྲུང་སྐྱོང་།  ཚོང་དོན་དང་ཕྱི་ཕྱོགས་སྒོ་འབྱེད།  ལས་གཞིར་མ་དངུལ་འཇོག་པ།  བཟོ་ལས་དཔལ་འབྱོར།  ནོར་ཁྲལ་དངུལ་རྩ།  ཡུལ་སྐོར་འཕེལ་རྒྱས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན། འགྲིམ་འགྲུལ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་སེང་ལ་གསན་པས་མ་ཚད།  སང་ལོའི་འབྲེལ་ཡོད་ལས་དོན་ཐད་ལ་ཐུགས་རེ་གནང་བ་རེད།

      ཁུལ་རིམ་པའི་འགོ་ཁྲིད་ལི་ཁང་དང་ཞའོ་ཡིའུ་ཚའེ།  བྱང་ཆུབ།  ལི་ཅང་།  ལུའོ་ཀྲེན་ཧྭ་སོགས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

      ལིའུ་ཁྲེང་མིང་གིས་བསྟན་དོན།  ད་ལོ་ནས་བཟུང་ཁུལ་ཡོངས་ཀྱིས་ཀྲང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག  རྙོག་འཛིང་ཆེ་བའི་སྤྱི་ཁོག་དཔལ་འབྱོར་གྱི་དུས་བབ་ཐད་དང་ཐུན་མོང་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་འབེན་ལ་དམ་པོ་དམིགས་ཏེ།  དབུལ་ཐར་འགག་སྒྲོལ་དང་ཡུན་རིང་བདེ་འཇགས་ཀྱི་གནད་འགག་གཉིས་དེ་མངོན་གསལ་དོད་པོར་བྱས་ཤིང་།  འཕེལ་རྒྱས་དང་དམངས་འཚོ།  བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་ལ་དམ་འཛིན་བྱེད་ཅིང་།  དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་ལས་ཀ་དང་ཁྲིམས་ལྟར་ཁུལ་སྐྱོང་།  ཐོན་ལས་དམངས་ཕྱུག   འགྲིམ་འགྲུལ་སྔོན་ལ་སྤེལ་བ།  གྲོང་ཁྱེར་དང་གྲོང་གསེབ་ཇེ་ཡག་གཏོང་བ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་།  འཐབ་ཇུས་ཆེན་པོ་དྲུག་གི་ལས་ཀ་སྤྱིའི་བཀོད་སྒྲིག་བཅས་ལ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་ཡོང་འབབ་འཕར་སྣོན་ཡོང་བ་དང་དམངས་ཕན།  བཅོས་བསྒྱུར་དམ་འཛིན།  དཔལ་འབྱོར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། བརྟན་བརླིང་སྲུང་སྐྱོང་།  ཉེན་ཁ་འགོག་པ་བཅས་ལ་ཤུགས་བརྒྱབ་པས།  ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤྱི་ཡོངས་ནས་བརྟན་པོའི་ཁྲོད་འཕར་སྣོན་ཡོང་བ་དང་འཆར་གཞི་སྔོན་དཔག་དང་མཐུན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགོ་ཡག་པོ་བཙུགས་ཡོད་པ་རེད།

      ལིའུ་ཁྲེང་མིང་གིས་བསྟན་དོན།  འཕེལ་རྒྱས་ནི་དམངས་འཚོ་ལེགས་བཅོས་དང་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུའི་རྩ་བའི་ཐབས་ལམ་ཡིན་ཞིང་།  2017ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་དགའ་བསུ་ཞུ་བའི་ལོ་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ལས་ཀ་སྔ་འབྲེལ་ཕྱིར་མཐུད་ཀྱི་ལོ་ཞིག་དང་ཁུལ་རིམ་པའི་འགོ་ཁྲིད་གསར་པའི་ཚོགས་པས་ལས་འགོ་འཛུགས་པའི་ལོ་ཞིག་ཡང་ཡིན་པས་སང་ལོའི་དཔལ་འབྱོར་ལས་དོན་ལེགས་སྒྲུབ་བྱེད་པར་དོན་སྙིང་ཆེན་པོ་ཡོད་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཏན་འཁེལ་བྱས་པའི་དམིགས་འབེན་གཅིག་དང་གནད་འགག་གཉིས། དོན་ཆེན་གསུམ།  འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ལྟར་གོང་འཕེལ་གཏང་རྒྱུའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་བཅང་ཞིང་། ལས་ཀའི་བསམ་ཕྱོགས་རྒྱ་སྐྱེད་གཏང་དགོས་པ་དང་ལས་ཀའི་བྱེད་ཐབས་ཁ་སྣོན།  ལས་ཀའི་གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས་པ་རེད།

      ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་གྲོས་ཚོགས་ནང་ཞུགས་ནས་འབྲེལ་ཡོད་ལས་དོན་སྙན་སེང་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:མཐོ་སྒང་གི་ཞིང་འབྲོག་མི་དམངས་ཐུམ་འབུའི་ནད་དགྲ་ལས་ཐར་བཞིན་ཡོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱེད་སྒོ་གལ་ཆེན་སྤེལ་བའི་ཕྱོགས་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།