རང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2016-12-15

      ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད། རང་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ།  སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དེ་ཕྱོགས་ལྔ་གཞི་གཅིག་གི་འཐབ་ཇུས་ཀྱི་སྤྱིའི་བཀོད་སྒྲིག་དོན་འཁྱོལ་བྱུ་རྒྱུའི་བྱ་སྤྱོད་དངོས་དང་ཕྱོགས་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་གཏང་རྒྱུའི་གལ་ཆེ་བའི་འཐབ་ཇུས་སུ་བཞག་སྟེ།  མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་རེད།  གཅིག་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཞིབ་འཇུག་ཇུས་འགོད་དང་།  གཉིས་ནི་སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་ལུགས་ལེགས་སྐྱོང་བྱེད་པ།  གསུམ་ནི་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡིན་པ་རེད།། 

  • ལེ་ཚན་སྔོན་མ།:དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་ཞབས་ཞུ་ཡག་པོ་ལ་འགྲུལ་པའི་བསྟོད་བསྔགས་ཐོབ།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ཐང་དཀར་རྒོད་པོ། ——དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཞིབ་དཔྱོད་ཁང་གི་འགོ་གཙོ་སུའུ་ཀྲི་པིང་གི་གནས་ཚུལ་་བཀོད་པ།
  • དོ་སྣང་ཆེ་བའི་རྩོམ།