དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2016-12-10

      སྤྱི་ཟླ12པའི་ཚེས6ཉིན། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་དར་མདོར་འཚོགས་པ་རེད། ཚོགས་ཐོག་ཞིང་ཆེན་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་བརྒྱུད་སྒྲོག་དང་། ཁུལ་དབུལ་ཐར་འགག་སྒྲོལ་རྩིས་ལེན་ཞིབ་དཔྱད་ཚོ་ཆུང་གིས་རྫོང་དང་གྲོང་ཁྱེར18ཡི་ད་ལོའི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རྩིས་ལེན་ཞིབ་དཔྱད་བྱས་པའི་གནས་ཚུལ་སྙན་ཞུར་ཉན་འཇོག་བྱས་ཤིང་། ད་ལོའི་དབུལ་ཐར་འགག་སྒྲོལ་ལས་ཀར་རྩིས་ལེན་ཞིབ་དཔྱད་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད་འབྱུང་འགྱུར་གྱི་དབུལ་ཐར་འགག་སྒྲོལ་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་།

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་། ཁུལ་འགོ་ཁྲིད་ཧྲན་དབྱང་དང་བྱམས་བློ། ལིའུ་ཅི་ཞང་། ཐེན་ཞའོ་ཀྲེན། ཧོ་པིའོ། ཧོ་ཁང་ལིན་བཅས་གྲོས་ཚོགས་སུ་ཞུགས་པ་རེད།

      ལིའུ་ཁྲེང་མིང་གིས་རིམ་ཁག་དང་སྡེ་ཁག་གིས་བླང་བྱ་ནན་པོ་དང་སྤྱོད་ཚུལ་དོ་དན་གྱིས་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་ནན་ཏིག་བཏང་སྟེ་རང་ཁུལ་དབུལ་ཐར་འགག་སྒྲོལ་གྱི་ཐོག་མའི་ལས་ཀ་ལེགས་འགྲུབ་ཡོང་བར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

      ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། གཅིག་ནི་དུས་ཐོག་ཆད་ལུས་ཁ་གསབ་བྱ་དགོས་ཤིང་། མིག་སྔའི་གཞི་རིམ་དུ་ཕྱིན་ནས་ལྟ་སྐྱོང་བྱེད་པའི་བྱེད་སྒོ་དང་མང་ཚོགས་ལས་ཀའི་ཆ་སྒྲིག་ཉེ་འཚོལ་གྱི་བྱེད་སྒོ་སོགས་བརྒྱུད་ནས་རྩིས་ལེན་ཞིབ་དཔྱད་ཀྱི་ཁེབས་རྒྱ་དེ་བརྒྱ་ཆ50ཆེ་རུ་གཏང་དགོས། རྫོང་དང་གྲོང་ཁྱེར་གྱི་དུད་ཚང་དུ་ཕྱིན་ནས་རྩིས་ལེན་བྱས་ཚུལ་ལ་འཐེན་བཤེར་བྱ་དགོས། དེ་སྔོན་རྩིས་ལེན་ཞིབ་དཔྱད་བྱས་ནས་རྙེད་པའི་གནད་དོན་ལ་ཕྱིར་མིག་བལྟས་ཏེ་དག་ཐེར་ལེགས་བཅོས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱ་དགོས། ལུགས་མཐུན་གྱིས་སྡེ་ཁུལ་བགོས་ཏེ་བལྟ་འདྲི་བཤེར་རྩིས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱ་དགོས། དབུལ་ཕོངས་མི་འབོར་དབུལ་པོའི་གྲལ་ནས་ཕྱིར་འཐེན་པའི་ཚེ་དུད་ཚང་གིས་རེ་བ་ཞུས་པ་དང་གྲོང་སྡེས་ཡོངས་བསྒྲགས་བྱེད་པ། ཡུལ་ཚོས་རེ་ཞུ། རྫོང་གིས་ཆོག་མཆན། ཞིང་ཆེན་གྱིས་མིང་བསུབ་པ་བཅས་ཀྱི་གོ་རིམ་ལྟར་དབུལ་པོ་དུད་ཚང་གི་གཅིག་བརྒལ་དྲུག་ཡོད་ཀྱི་ཚད་གཞི་ལྟར་ཞིབ་བཤེར་བརྗེ་རེས་བྱ་དགོས། གཉིས་ནི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་མཁན་སྡོད་ཁང་དུ་མགྱོགས་པོར་སྤོ་རུ་བཅུག་ནས་དགུན་བརྒལ་ཐུབ་པར་བྱ་དགོས། གསུམ་ནི་འབྲེལ་ཡོད་ཡིག་ཆ་ཡིག་ཚགས་ནང་དུ་ལེགས་པོར་བཅུག་དགོས། བཞི་ནི་དྲིན་དྲན་བརྩོན་བསྐུལ་གྱི་སློབ་གསོ་ནན་ཏིག་བྱ་དགོས། རྩིས་ལེན་ཞིབ་དཔྱད་ལས་ཀ་སྤེལ་བ་དང་ཆབས་ཅིག་ཞིང་པའི་མཚན་མོ་སློབ་གྲྭ་དང་འབྲེལ་ནས་ཕན་བདེ་གང་ནས་འབྱུང་། དྲིན་ལན་སུ་ལ་འཇལ་བའི་དྲིན་དྲན་སློབ་གསོ་བྱས་ཏེ་ཁུལ་ཡོངས་སུ་ཏང་གི་བཀའ་དྲིན་དྲན་ཞིང་མེས་རྒྱལ་ལ་དགའ་བ་དང་། ཁྲིམས་སྲུང་བ། འབྱོར་འབྲིང་དུ་བསྐྱོད་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་སུ་བཅུག་དགོས། ལྔ་ནི་ཕྱོགས་བསྡོམས་དབྱེ་གསེད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་བྱེད་ཐབས་ཡག་པོ་དག་ཕྱོགས་བསྡོམས་བྱས་ཏེ་འབྱུང་འགྱུར་དབུལ་ཐར་འགག་སྒྲོལ་ལས་ཀའི་མིག་དཔེ་འཛུགས་དགོས། དྲུག་ནི་ཞིང་ཆེན་གྱིས་རྩིས་ལེན་ཞིབ་དཔྱད་བྱ་རྒྱུའི་གྲ་སྒྲིག་ལས་ཀ་ནན་ཏིག་གིས་བསྒྲུབ་དགོས། གཅིག་དམའ་ལྔ་ཡོད་དང་གཅིག་བརྒལ་དྲུག་ཡོད་ཀྱི་ཚད་གཞི་ལྟར་ལས་ཀ་ཁག་དོན་ཐོག་འཁྱོལ་བར་བྱ་དགོས། བདུན་ནི་བཟང་བསྟོད་ངན་སྨད་ནན་པོར་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཚད་གཞི་དང་སྤུས་ཀ། གོ་རིམ་བཅས་ནན་པོའི་ངང་ནས་རྩིས་ལེན་ཞིབ་དཔྱད་ཐུབ་པར་ཁག་ཐེག་བྱ་དགོས། བརྒྱད་ནི་སང་ལོའི་ལས་ཀར་འཆར་བཀོད་ཞིབ་ཕྲ་བཟོ་དགོས། སླ་བ་ནས་དཀའ་བ་དང་རིགས་བགོས་ཏེ་ལག་ལེན་གཏོང་བ། སྔོན་ཉུང་རྗེས་མང་དང་སྤུས་ཚད་ལ་དོ་ཁུར་བྱེད་པའི་རྩ་དོན་ལྟར་ཀྲུང་དབྱང་དང་ཞིང་ཆེན་གྱི་ཚད་གཞིར་བསྡུར་ནས་དོན་ལ་གནས་ཤིང་ལུགས་དང་མཐུན་པའི་སྒོ་ནས་སང་ལོའི་དམིགས་འབེན་ལས་འགན་གཏན་འཁེལ་བྱས་ཤིང་། སྔ་ཚེར་བཀོད་སྒྲིག་དང་སྐུལ་འདེད་གཏང་དགོས།

      ལིའུ་ཁྲེང་མིང་གིས་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་ལས་སླ་ཆུས་ལྷོད་དང་ལས་ཀར་ཤུགས་མི་བཏོན་པ། གྲངས་ཀའི་ཐོག་དབུལ་ཐར་བྱེད་ཐབས་སྤྲད་པ་སོགས་ཀྱི་སྡེ་ཚན་དང་མི་སྒེར་ལ་འགན་འཁྲི་བདའ་འདེད་ཚ་ནན་གཏང་དགོས་པའི་བླང་བྱ་བཏོན་པ་རེད།ཁུལ་འབྲེལ་ཡོད་མི་སྣ་གྲོས་ཚོགས་སུ་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་མི་ཉག་ལྟག་སྒོར་རླངས་འཁོར་འཇོག་ས་སྤུས་ལེགས་བསྐྲུན།
  • ལེ་ཚན་རྗེས་མ།:ཞུམ་བཅས་རྩོལ་བ་འདོར་བས་ན།། ཕོངས་ལས་ཐར་བ་ཡོད་དམ་ཅི།།
  • དོ་སྣང་ཆེ་བའི་རྩོམ།