གསེར་ཐར་རྫོང་མཆོག་གཙང་ཤང་གིས་གནད་དུ་འཁེལ་བའི་དབུལ་སྐྱོར་བྱས་ནས་རྨང་གཞི་འདིང་རྒྱུར་མཐོང་ཆེན་བྱས།

དངོས་གྲུབ་སྒྲོལ་མས་བསྒྱུར།        2015-05-14

སྔོན་མར་ང་ཚོའི་གྲོང་སྡེ་ནས་ཤང་སྲིད་གཞུང་བར་ལ་རྐང་ཐང་ཉིན་ཕྱེད་ལྷག་འགྲོ་དགོས་རེད། ད་ལྟ་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་གཅིག་ཕྱེད་མ་གཏོགས་འགོར་གྱིན་མེད། སྔོན་མའི་ཕྱུགས་ལས་ཐོན་རྫས་འཚོང་སར་འགྲོ་དུས་ཚང་མ་མིས་འཁུར་ཞིང་རྟ་ལ་བཀལ་ནས་འདྲེན་དགོས་པས་ཕར་འགྲོ་ཚུར་འོང་ཐེངས་གཅིག་ལ་ཉིན་མང་པོ་འགོར་ལེ་རེད། ད་ལྟར་རླངས་འཁོར་གང་བླུགས་ནས་འདྲེན་ཆོག་པས་དུས་ཚོད་བསྲི་ཚགས་བྱེད་ཐུབ་ལ་ལས་ཀྱང་སླ་མོ་རེད་ཅེས་གསེར་ཐར་རྫོང་མཆོག་གཙང་ཤང་གི་འབྲོག་དམངས་རྡོ་དྲིལ་གྱིས་སེམས་ནང་གི་སྤྲོ་བ་མཚོན་པའི་སྐད་ཆ་འདི་བཤད་པ་རེད།
2014ལོར་རྒྱལ་ཁབ་ཀྱིས་གནད་དུ་འཁེལ་བའི་དབུལ་སྐྱོར་བྱ་རྒྱུའི་ལག་ལེན་བསྟར་བ་ནས་བཟུང་། ཤང་དེའི་ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་པ་ཐེངས་མང་པོར་གྲོང་སྡེའི་ཚོ་ཆུང་ལ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་བྱས་པར་མ་ཟད། གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་རྐང་འཛིན་པ་དང་མཉམ་དུ་དབུལ་སྐྱོར་བྱེད་ཐབས་གྲོས་བསྡུར་བྱས་ཏེ། འབྲོག་དམངས་ཀྱི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་འཕྲིན་སངས་པོ་མིན་པ་སོགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ལྷུ་ཚིགས་ཞན་སར་དམིགས་ནས། ཤང་ཏང་ཨུ་དང་སྲིད་གཞུང་གིས་གོང་རིམ་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ལ་གནས་ཚུལ་ཞུ་གང་ཐུབ་བྱས་མཐར། མ་དངུལ་སྒོར་ཁྲི170ལྷག་ཙམ་བརྩོན་ལེན་བྱས་ནས་གྲོང་སྡེའི་ནང་གི་རྨང་གཞི་སྒྲིག་ཆས་ཇེ་མགྱོགས་སུ་འཛུགས་སྐྲུན་བྱས།རིམ་རྩིས་བྱས་ན་སྤྱི་ལེ100ལྷག་ཙམ་ཡོད་པའི་ཤང་དང་གྲོང་གསེབ་ཀྱི་ཕྱུག་གྱུར་གཞུང་ལམ8དང་། དམངས་འཚོ་ཟམ་པ4བཙུགས་པར་བརྟེན། ཤང་དེའི་འབྲོག་དམངས་ཚོས་དབུལ་བྲལ་ཕྱུག་འགྱུར་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་པ་རེད།།
   本报讯(尹东云 色卓)“过去从我们村到乡政府,步行要大半天,现在坐车一个半小时就到了;以前卖畜产品全靠人背马驼,一来一往要跑好几趟,现在一车就运走了,既省时又轻松”。谈起道路修通给村里带来的新变化,色达县塔子乡沪角村牧民多则掩饰不住内心的喜悦,激动地说。
      2014年国家实施精准扶贫以来,该乡党委政府多次深入村组调研,与村两委骨干共同商讨扶贫措施,针对牧民交通不便,信息不畅等基础设施建设薄弱环节,乡党委政府积极向上级政府和相关部门反映,争取资金170余万元,加快村里基础设施建设,累计修建了100余公里的8条乡村致富路,新建民生桥4座,为该乡牧民脱贫致富建立了强有力的绿色通道。

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ལྟ་སྐུལ་དོ་དམ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ལྗིད་འདེགས་འཕྲུལ་འཁོར་གྱི་ལས་སྒྲུབ་མི་སྣ་གསོ་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།