རང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་གཟེངས་རྟགས་སྤྲོད་པའི་ལས་ཀ་སྤེལ།

        2019-09-30

   

རང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་གཟེངས་རྟགས་སྤྲོད་པའི་ལས་ཀ་སྤེལ།

   ཉེ་ཆར། རང་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་གཟེངས་རྟགས་སྤྲོད་པ་དང་འཚམས་འདྲའི་བྱེད་སྒོ་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡའོ་པིན་དར་མདོ་དང་ལྕགས་ཟམ་རྫོང་། གཡག་རྔ། ཁྲེང་ཏུའུ་བཅས་སུ་བསྐྱོད་ནས་གཟི་བརྗིད་མཚན་སྙན་ཐོབ་པའི་བློ་མཐུན་རྒན་གྲས་ལ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་སྤྲད་པའི་དྲན་གསོའི་གཟེངས་རྟགས་དང་འཚམས་འདྲིའི་དངུལ་སྤྲད་ནས་ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུ་བ་དང་། ཁོང་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་འབུལ་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་སྣས་“ང་དང་ངའི་མེས་རྒྱལ་”ཞེས་པའི་བཞུགས་མོལ་ཚོགས་འདུ་དང་བོད་ཡིག་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་ཁྲེན་ཏུའུ་རུ་སྤེལ
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་ཆེན་འདི་ལྟར་བསུས།
  • དོ་སྣང་ཆེ་བའི་རྩོམ།