2019-09-12
ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་། ཞའོ་ཡིའུ་ཚའེ་ཡིས་གཙོ་སྐྱོང་གནང་། ལི་ཁང་དང་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད།
སྤྱི་ཟླ9པའི་ཚེས11ཉིན་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་ལས་དོན་ལ་ཤུགས་བསྣན་རྒྱུའི་སྐོར་གྱི་གལ་ཆེ་བའི་རྣམ་བཤད་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ལས་ཀར་ཕྱོགས་བསྡོམས་དང་གནས་བབ་དབྱེ་ཞིབ་བྱེད་པ། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་གི་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་བཅས་གྲོས་ཚོགས་ནང་ཞུགས་ཡོད།
ལིའུ་ཁྲེང་མིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཏོན་པའི་བླང་བྱར་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་བདེ་ལས་དོན་དེ་གལ་ཆེ་བའི་གནས་སུ་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་སྤྱི་བདེ་ལས་དོན་གྱི་སྙན་སེང་ལ་གསན་པ་དང་དངོས་ཡོད་དཀའ་ངལ་ལ་རོགས་རམ་དང་ཐག་གཅོད་བྱས་ནས་ཏང་གི་སྤྱི་བདེའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བློ་དཀར་སེམས་དཀར་གྱིས་འགན་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས་ཉམས་ཉེན་སྔོན་འགོག་དང་བདེ་སྲུང་ལ་ཁག་ཐེག འཕེལ་རྒྱས་ལ་སྲུང་སྐྱོང་བཅས་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་སྟེ། གཅིག་ནི་འགན་འཁྲི་ཨང་དང་པོ་འཁུར་བ་དང་ལས་དོན་ནན་ཏན་བསྒྲུབས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ནས་བརྟན་ལྷིང་ཡོང་བ་དང་། གཉིས་ནི་ལས་སྒོ་གཙོ་བོར་ཤུགས་ཆེན་བརྒྱབ་པ་དང་མི་དམངས་ཀྱི་བདེ་འཇགས་ལ་འགན་བཅོལ་བྱས་ནས་བདེ་འཇགས་འཛུགས་སྐྱོང་ལ་གྲུབ་འབྲས་ཡག་པོ་ཐོན་ཡོད། གསུམ་ནི་ཞབས་ཞུ་བཟང་པོས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལྟེ་བའི་ལས་དོན་སྤུས་ཚད་མཐོ་རུ་གཏོང་བར་རོགས་རམ་བྱས་ཡོད། བཞི་ནི་ཉེན་རྟོག་པའི་དཔུང་སྡེའི་བྱང་ཚད་མངོན་གསལ་ཆེ་རུ་ཕྱིན་ཡོད་པ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན། དུས་རབས་གསར་པར་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་དང་ལས་འགན་གསར་པར་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ཡག་པོ་བསྒྲུབ་པར་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་ཞིང་། ཁུལ་ཡོངས་ཀྱིས་རིམ་ཁག་ཏང་ཨུ་དང་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བདེ་ལས་དོན་སྐོར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། རང་རྟོགས་ངང་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཏུ་བརྩིས་ནས། སེམས་ཐག་གཙང་བཅད་ཀྱིས་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་རླིང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ། སྤྱི་བདེའི་ལས་དོན་གྱི་ཁྲིམས་སྐྱོང་ཆུ་ཚད་དང་ཁྲིམས་འཛིན་གྱི་ཡིད་ཆེས་རང་བཞིན། སྤྱི་བདེའི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་ཞུ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་བྱང་ཚད་མཐོ་བའི་སྤྱི་བདེའི་དམག་ཧྲག་ཅིག་འཛུགས་ཤུགས་ཆེ་རུ་གཏང་དགོས།
ལིའུ་ཁྲིང་མིང་གིས་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུའི་བློ་རྩ་བརྟན་པོར་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་ལས་དོན་གྱི་རྣམ་བཤད་གལ་ཆེན་ལག་ལེན་དངོས་སུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྤྱི་བདེ་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་བྱེད་པ། བློ་མཐུན་ཝང་དབྱང་རང་ཁུལ་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་བཀའ་སློབ་ཀྱི་སྙིང་དོན་སློབ་སྦྱོང་བྱེད་པ་བཅས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཁྱབ་བདེ་འཇགས་ལྟ་བ་དང་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི། ཆབ་སྲིད་ཀྱིས་ཉེན་རྟོག་དཔུང་སྡེ་འཛུགས་སྐྱོང་དང་བཅོས་བསྒྱུར་གྱིས་ཉེན་རྟོག་དཔུང་སྡེ་སྟོབས་ཆེར་གཏོང་བ། ཚན་རྩལ་གྱི་ཉེན་རྟོག་དཔུང་སྡེ་དར་རྒྱས་གཏོང་བ། ཉེན་རྟོག་དཔུང་སྡེ་ནན་པོས་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཉེན་རྟོག་སྟོབས་ལྡན་ལམ་བུར་བསྐྱོད་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཞིང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་ཡག་པོ་བསྒྲུབས་ཏེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་བདེ་འཇགས་བརྟན་བརླིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས།
ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཏང་གིས་སྤྱི་བདེ་ལས་དོན་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པའི་འགན་འཁྲི་ཡག་པོ་བསྒྲུབ་པར་འགན་སྲུང་སྲ་བརྟན་བྱ་དགོས། གཅིག་ནི་ཏང་གིས་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་མངོན་གསལ་བྱེད་ཅིང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱིས་ཉེན་རྟོག་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་གཞག་དགོས། གཉིས་ནི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་གོ་སྐབས་དང་བསྟུན་ནས་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་གྱིས་ཉེན་རྟོག་དཔུང་སྡེ་སྟོབས་ཆེར་གཏོང་བའི་ལམ་དུ་བསྐྱོད་དགོས། གསུམ་ནི་ཕན་འབྲས་ཆེ་རུ་གཏོང་བ་དེ་དམིགས་འབེན་དུ་བྱས་ནས་ནུས་ཤུགས་ཟམ་མི་ཆད་པས་ཚན་རྩལ་གྱིས་ཉེན་རྟོག་དཔུང་སྡེ་དར་རྒྱས་གཏང་དགོས། བཞི་ནི་ཏང་གི་སྒྲིག་ཁྲིམས་མངོན་གསལ་བྱས་ཏེ་ཉེན་རྟོག་དཔུང་སྡེ་ནན་པོས་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།
ལེའུ་ཁྲེང་མིང་གིས་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཐད་སེམས་ཁུར་དང་ལས་དོན་ཐད་རྒྱབ་སྐྱོར། ལྟ་སྐྱོང་ཐད་འགན་སྲུང་བཅས་ཡོད་པར་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཉེན་རྟོག་པར་བྱམས་ཕན་དགའ་སྐྱོང་གི་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱ་དགོས། རིམ་ཁག་སྤྱི་བདེ་ཁོངས་གཏོགས་ཀྱི་འགོ་ཁྲིད་ཚོགས་པ་ལེགས་འདེམས་ཧྲག་བཀོད་ཡག་པོ་བྱ་དགོས། སྤྱི་བདེའི་དམིགས་བསལ་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ན་གཞོན་སྤྱི་བདེ་ལས་བྱེད་པ་ཕུལ་དུ་བྱུང་བ་གསོ་སྐྱོང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། སྤྱི་བདེའི་དཔུང་སྡེར་ལྟ་སྐྱོང་དམིགས་བསལ་བྱས་ནས་རྒྱ་ཆེ་བའི་སྤྱི་བདེ་ལས་སྒྲུབ་མི་སྣའི་ལས་རིགས་ལ་བརྩི་བཀུར་དེ་བས་འཐོབ་པ་དང་བྱ་གཞག་གི་མདུན་ལམ་དེ་བས་ཡངས་པ། འཚོ་བ་ལ་འགན་སྲུང་དེ་བས་ཆེ་བ་བཅས་ཡོང་བ་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10