རང་ཁུལ་གྱིས་ཁུལ་ཨུའི་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།
བདེ་སྐྱིད་ཀྱིས་བསྒྱུར། 2015-05-14
ཟླ་བ5པའི་ཚེས4ཉིན།2015ལོའི་ཁུལ་ཨུའི་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲུའུ་ཏ་ཁྲུན་གྲོས་ཚོགས་ལ་ཞུགས་ཡོད།གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་ཞིང་ལས་སྐོར་གྱི་གནད་དོན་གསུམ་དང་མཛེས་སྡུག་བདེ་སྐྱིད་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་དང་གནད་དུ་འཁེལ་བའི་དབུལ་སྐྱོར།ས་ཞིང་གཏན་འཁེལ་བྱས་ནས་ལག་ཁྱེར་སྤྲད་ཚུལ།རྩྭ་ཐང་བདག་དབང་གཏན་འཁེལ་བྱས་ཚུལ།ཞིང་སྡེའི་ཉེན་མེད་འཐུང་ཆུ།ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་བསྒྱུར་བྱས་ཚུལ་སོགས་ཀྱི་སྙན་ཞུ་ལ་ཉན་འཇོག་བྱས་ཡོད།དྲི་མེད་དྭངས་གཙང་གི་དཀར་མཛེས་ཁུལ་གྱི་ས་ཁོངས་སྤྱི་སྤྱོད་ཟོང་རྟགས་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་བསམ་འཆར་གཅིག་དང་ཐབས་ཇུས་བཞི་ལག་བསྟར་ཇེ་ཟབ་ཏུ་གཏང་རྒྱུ་དང་།ཕན་ཚུན་འབྲེལ་དྲྭ་དང་དྲི་མེད་དྭངས་གཙང་གི་དཀར་མཛེས་ཁུལ་གྱི་ཞིང་ལས་ཐོན་རྫས་འཛུགས་སྐྱོང་ལག་བསྟར་བྱ་རྒྱུའི་ཐབས་ཇུས་ལ་གྲོས་ཞིབ་བྱས་པ་རེད།གྲོས་ཚོགས་ཐོག་ཡེ་ཤེས་ཟླ་བས་ཐུགས་རེ་གནང་དོན།ཁུལ་ཨུའི་ཞིང་སྡེ་ལས་ཀའི་ཚོ་ཆུང་གི་ཁོངས་ཞུགས་ལས་ཁུངས་ཀྱིས་རང་འགུལ་གྱིས་རྒྱུན་ཚུལ་གསར་པར་འཕྲོད་པ་བྱས་ནས་གཅིག་གྱུར་འཆར་འགོད་མཉམ་འགུལ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལས་ཀའི་སྙིང་པོ་རྒྱུན་འཁྱོངས་བྱ་དགོས།ཁོང་གིས་ནན་གསུང་གནང་དོན།མིག་སྔར་ཞིང་ལས་དང་ཞིང་སྡེ་ལས་ཀའི་ཐད་དངོས་གནས་ཀྱིས་དོན་ཆེན་དྲུག་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ།གཅིག་ནི་དྲི་མེད་དྭངས་གཙང་གི་དཀར་མཛེས་ཁུལ་གྱི་ས་ཁོངས་སྤྱི་སྤྱོད་ཟོང་རྟགས་ཇེ་མགྱོགས་སུ་བསྐྲུན་དགོས།གཉིས་ནི་སྔར་ལས་ལྷག་པར་འདུ་ཤེས་བསྒྱུར་ནས་ཕན་ཚུན་འབྲེལ་དྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་འབྲེལ་དྲྭ་ཡིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་ཞབས་ཕྱི་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས།གསུམ་ནི་ཞིབ་ཅིང་གནད་དུ་འཁེལ་བའི་དབུལ་སྐྱོར་ལས་ཀའི་བསམ་བློའི་ངོས་འཛིན་སྔར་ལས་ཇེ་དྲག་ཏུ་གཏང་དགོས།བཞི་ནི་མཛེས་སྡུག་བདེ་སྐྱིད་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱ་དགོས།ལྔ་ནི་ཞིང་སྡེའི་ཉེན་མེད་འཐུང་ཆུའི་ལས་གྲྭ་ཧུར་ཐག་སྤེལ་དགོས།དྲུག་ནི་མུ་མཐུད་ནས་ཞིང་སྡེ་དང་འབྲོག་ཁུལ་གྱི་བཅོས་བསྒྱུར་ལས་ཀ་ཡག་པོ་བསྒྲུབ་དགོས།ཞིང་སྡེའི་ས་ཞིང་གཏན་འཁེལ་བྱས་ནས་ལག་ཁྱེར་སྤྲད་རྒྱུ་དང་རྩྭ་ཐང་བདག་དབང་གཏན་འཁེལ་བྱ་རྒྱུའི་ལས་ཀར་དམ་འཛིན་བྱ་དགོས།།