ཆིང་པའེ་ཅང་དགེ་སྒྲུབ་ལྷན་ཚོགས་ཀྱིས་དགེ་སྒྲུབ་མ་དངུལ་སྒོར་ཁྲི41ལྷག་ལེགས་སྐྱེས་སུ་འབུལ་བ།

དངོས་སྦྱོང་སློབ་མ་ཀུན་གྲོལ་གྱིས་བསྒྱུར།        2019-09-02

ཉེ་ཆར། བརྒྱད་ཟིལ་རྫོང་སྲིད་གཞུང་དང་རྫོང་དམངས་སྲིད་ཅུས་ཀྱི་འགན་ཁུར་མི་སྣ་གཙོ་བོ་དང་ཆིང་པའེ་ཅང་ཆུས་དམངས་སྲིད་ཅུས་ཀྱི་བོད་སྐྱོར་ལས་བྱེད་པ་དང་མཉམ་དུ་ཆིང་པའེ་ཅང་ཆུས་དགེ་སྒྲུབ་ལྷན་ཚོགས་ཀྱིས་དགེ་སྒྲུབ་མ་དངུལ་སྒོར་ཁྲི41ལྷག་ཁྱེར་ནས། གནོད་འཚེ་ཚབས་ཆེན་ཐེབས་པའི་ཝན་པ་ཡུལ་ཤོག་ཀའོ་ཏིའོ་གྲོང་སྡེའི་བསྐྱར་བསྐྲུན་བྱས་པར་ཞལ་འདེབས་རྒྱག་པའི་མཛད་སྒོ་སྤེལ་བ་རེད།

སྤྱི་ཟླ6པའི་ཚེས21ཉིན་གྱི་མཚན་མོར། བརྒྱད་ཟིལ་རྫོང་ཝན་པ་ཡུལ་ཤོག་ལ་རྡོ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་ནས་གྱོང་གུན་ཚབ་ཆེན་བཟོས་པ་རེད། བརྒྱད་ཟིལ་རྫོང་དགེ་སྒྲུབ་ལྷན་ཚོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས། རིགས་མཐུན་རོགས་སྐྱོར་གྱི་སྡེ་ཚན་ཡིན་པའི་ཆིང་པའེ་ཅང་དགེ་སྒྲུབ་ལྷན་ཚོགས་ལ་འབྲེལ་བ་བྱས་པ་རེད། དགེ་སྒྲུབ་ལྷན་ཚོགས་དེས་ཧུར་ཐག་གིས་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་མང་པོས་རོགས་སྐྱོར་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཆུས་ཡོངས་ཀྱི་གཅེས་སེམས་ལྡན་པའི་ཁེ་ལས་དང་དོན་ལས་སྡེ་ཚན། དེ་བཞིན་དུ་མི་སྒེར་ལ་གྲོས་གཞི་འདོན་ཡིག་བཏང་ནས་གནོད་འཚེ་ཐེབས་ཁུལ་ལ་བསྐྱར་བསྐྲུན་བྱེད་ཡས་ཀྱི་ཞལ་འདེབས་འབུལ་རྒྱུའི་འབོད་སྐུལ་བཏང་བ་རེད།

ཝན་པ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་པས་ད་ཐེངས་ཆིང་པའེ་ཅང་དགེ་སྒྲུབ་ཚོགས་པས་གཙོ་སྐྱོང་བྱས་ནས་ཞལ་འདེབས་བརྒྱབ་པའི་མ་དངུལ་དང་ཆིང་པའེ་ཅང་ཆུས་ཡོངས་ཀྱི་གཅེས་སེམས་ལྡན་པའི་སྡེ་ཚན་དང་མི་སྒེར་གྱིས་དགེ་ལས་སྒྲུབ་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་གཅེས་སེམས་རོགས་དངུལ་འདི་བེད་སྤྱོད་ཡག་པོ་བྱས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་སྔ་སྣུར་དུ་ཐོན་སྐྱེད་སླར་གསོ་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།། 

  • ལེ་ཚན་སྔོན་མ།:རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་ཚེར་མ་ནག་པོའི་འཚོ་བཅུད་འདྲེས་པའི་སེ་པན་ཐོན་ལེགས་བྱུང་།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་སློབ་ཐུན་དང་པོའི་འགོ་ཡག་པོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།