སྡེ་དགེ་རྫོང་གིས་བོད་སྨན་ཁང་བཙུགས་ནས་ལོ་དྲུག་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

དབྱངས་ཅན་གྱིས་བསྒྱུར།        2019-08-26

    སྤྱི་ཟླ8པའི་ཚེས13ཉིན་ཟུར་ལུགས་བོད་སྨན་གྱི་རིག་གནས་གླེང་སྟེགས་གཙོ་བོ་དང་སྡེ་དགེ་རྫོང་བོད་སྨན་ཁང་བཙུགས་ནས་ལོ་དྲུག་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོ་དེ་སྡེ་དགེ་རྫོང་དུ་སྤེལ་ནས། རྒྱལ་ཁབ་རྒྱ་སྨན་སྨན་རྫས་དོ་དམ་ཅུས་ཀྱི་ལས་རིགས་གསལ་འབྱེད་ཁྲིད་སྟོན་ལྟེ་གནས་ཀྱི་ཆེད་མཁས་པ་དང་། ཧ་ཧྥུ་སླེབ་ཆེན་ཀྱི་འབུམ་རམས་པ་ཉི་ཝན་ཏུང་། ཁྲེང་ཏུའུ་རྒྱ་སྨན་སྨན་རྫས་སློབ་ཆེན་མི་རིགས་གསོ་རིགས་སློབ་གླིང་གི་ཡོན་ཀྲང་ལུའི་ཀོང་ཧྭ། བོད་ལྗོངས་བོད་སྨན་སློབ་གླིང་གི་ཆེད་མཁས་པ། འབུམ་རམས་པ་ཐོབ་རྗེས་ཀྱི་སློབ་དཔོན་བསོད་ནམས་འཆི་མེད། ཁུལ་འཕྲོད་བསྟེན་བདེ་ཐང་གི་ལས་བཟོའི་ཨུ་ལྷན་གྱི་ཧྲུའུ་ཅི། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་འཆི་མེད། ཁུལ་འཕྲོད་བསྟེན་སློབ་གྲྭའི་སློབ་གཙོ་དབྱང་ཅན་ཅུན་སོགས་ཞིང་ཆེན་ཕྱི་ནང་གི་བོད་སྨན་སྨན་རྫས་ཀྱི་ཆེད་མཁས་པ་དང་རིག་གནས་མཁས་ཅན། བོད་ཁུལ་གྱི་ས་གནས་ཁག་གི་བོད་སྨན་སྨན་པ་གྲགས་ཅན་དང་ཁམས་པའི་རིག་གནས་མཐོ་རྩེའི་གླེང་སྟེགས་སུ་ཞུགས་པའི་རིམ་པ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་སོགས་བསྡོམས་པས་མི་གྲངས200ལྷག་སྡེ་དགེར་འཛོམས་པ་རེད།

     ཟུར་ལུགས་བོད་སྨན་གྱི་རིག་གནས་གླེང་སྟེགས་གཙོ་བོར་རྫོང་བོད་སྨན་ཁང་གི་ཡོན་ཀྲང་དང་ཀྲུའུ་རེན་གཞོན་པའི་འགན་བཞེས་པའི་སྨན་པ་དཀའ་བཅུ་པ་ཨོ་རྒྱན་བསྟན་འཛིན་གྱིས་བོད་སྨན་གྱི་ཤེས་ལྡན་མི་སྣ་གཙོ་སྐྱོང་བྱེད་པ་དང་། བོད་སྨན་སྨན་རྫས་རྒྱུན་འཛིན་དང་སྲུང་སྐྱོང་གསར་གཏོད་བྱེད་དགོས་པར་དམིགས་ནས་རིག་གཞུང་གི་སྙན་ཞུ་བྱས་པ་རེད། བོད་ལྗོངས་བོད་སྨན་སློབ་གླིང་གི་ཆེར་རམས་པ་བསོད་ནམས་འཆི་མེད་དང་། རྒྱལ་ཁབ་རྒྱ་སྨན་སྨན་རྫས་དོ་དམ་ཅུས་ཀྱི་ལས་གཉེར་སྨན་པ་དཀའ་བཅུ་པའི་ནུས་རྩལ་གསལ་འབྱེད་ཁྲིད་སྟོན་ལྟེ་གནས་ཀྱི་འབུམ་རགས་པ་ཉི་ཝན་ཏུང་། ཁྲེང་ཏུའུ་རྒྱ་སྨན་སྨན་རྫས་སློབ་གླིང་གི་འབུམ་རམས་པ་ལུའི་ཀོང་ཧྭ་སོགས་ཀྱིས་ཁག་བགོས་ནས་སློབ་དཔོན་ཁྲོ་རུ་ཚེ་རྣམ་ལགས་ཀྱི་མི་ཚེའི་བྱས་རྗེས་དང་། བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། བོད་ལུགས་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱས་པ་རེད།

     ང་རང་བོད་ལུགས་སྨན་བཅོས་ཀྱི་ལས་ཀ་བསྒྲུབས་ནས་ལོ40ལྷག་སོང་ཡོད། བོད་ལུགས་ཀྱི་སྨན་བཅོས་བྱེད་ཐབས་དང་ཕན་འབྲས་ནི་མི་སེར་གྱི་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད། བོད་ལུགས་སྨན་རྫས་རིག་གནས་ཀྱི་རིག་གཞུང་སྤེལ་རེས་ཀྱི་བགྲོ་གླེང་གྲོས་ཚོགས་འདིས་བོད་ལུགས་སྨན་རྫས་ལས་དོན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བར་ཁྱད་འཕགས་ཀྱི་དོན་སྙིང་ལྡན་པ་རེད་ཅེས་སྡེ་དགེ་རྫོང་ར་སྐོར་ཡུལ་ཤོག་འཕྲོད་བསྟེན་ཁང་གི་བོད་ཀྱི་སྨན་པ། རྒྱལ་ཡོངས་ཀྱི་ཆེས་ཡག་པོའི་གྲོང་གསེབ་ཀྱི་སྨན་པ་སྒྲོལ་མ་ཚེ་རིང་གིས་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གི་ལིང་གྲིབ་ནད་པ120ཡིས་སླར་ཡང་འོད་སྣང་མཐོང་།
  • ལེ་ཚན་རྗེས་མ།:དྲོད་ཁང་ཆུང་ཆུང་ནང་སྔོ་ཚལ་བཏབ་ནས་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱས།
  • དོ་སྣང་ཆེ་བའི་རྩོམ།