རང་ཁུལ་གྱིས་ལས་ལ་བརྩོན་པའི་ལང་ཚོའི་དུས་ནི་ཡིད་དུ་འོང་བ་ཞིག་རེད་ཅེས་པའི་གཞོན་ནུའི་མཐུན་འབྲེལ་བྱེད་སྒོ་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2015-05-11

ལྔ་བཞིའི་ལས་འགུལ་འགོ་ཚུགས་ནས་ལོ་ངོ96འཁོར་བ་དང་གུང་གཞོན་ཚོགས་པ་བཙུགས་ནས་ལོ་ངོ93འཁོར་བར་དྲན་གསོ་ཞུ་བའི་ཆེད་དུ།ཟླ་བ4པའི་ཚེས28ཉིན་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་གུང་གཞོན་ཚོགས་པའི་ལས་བཟོའི་ཨུ་ལྷན་དང་ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ལྷན་གྱིས་ཆེད་དུ་ལས་ལ་བརྩོན་པའི་ལང་ཚོའི་དུས་ནི་ཡིད་དུ་འོང་བ་ཞིག་རེད་ཅེས་པའི་གཞོན་ནུའི་མཐུན་འབྲེལ་བྱེད་སྒོ་སྤེལ།དེའི་དམིགས་ཡུལ་ནི་ལས་ཁུངས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ན་གཞོན་ཚོར་འདྲ་མཉམ་དང་།མཛའ་མཐུན།བསམ་པ་རྣམ་དག་གི་སྒོ་ནས་ཕན་ཚུན་འབྲེལ་འདྲིས་བྱེད་པར་ཆ་རྐྱེན་སྐྲུན་པ་དང་།ན་གཞོན་ཚོར་ཧུར་བརྩོན་ཡར་སྐྱེད་ཀྱི་འཛམ་གླིང་གི་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུར་སྣེ་ཁྲིད་བྱས་ནས།དེ་བས་བཟང་པའི་བསམ་པའི་ཉམས་འགྱུར་གྱིས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་ལས་ཀའི་ནང་ཞུགས་ཏེ་ལས་ལ་བརྩོན་པའི་ལང་ཚོས་མི་ཚེའི་ཕུགས་བསམ་འགྲུབ་ཐུབ་པའི་ཆེད་དུ་ཡིན།ཉིན་དེའི་སྔ་དྲོར་གུང་གཞོན་ཚོགས་པའི་གཞོན་ནུ140ལྷག་མཛའ་གཞས་ཐང་ཆེན་དུ་འགོ་ཚུགས་མཛད་སྒོའི་ནང་ཞུགས་རྗེས་ཚང་མ་རྐང་ཐང་གིས་གདན་ཐོག་རི་བོར་འཛོམས་ཏེ་ཕན་ཚུན་ངོ་སྤྲོད་བྱས།དེ་ནས་གུང་གཞོན་ཚོགས་པའི་གཞོན་ནུ་ཚོས་ཚོགས་པའི་རུ་ཁག་རྒྱ་སྐྱེད་བཏང་བ་སོགས་རོལ་རྩེད་རང་བཞིན་ལྡན་པའི་བྱེད་སྒོ་སྤེལ་བས་མ་ཚད་ཁོ་ཚོས་ད་དུང་མཉམ་དུ་གསོལ་སྟོན་རོལ་ལ་བོད་རིགས་དང་ཆའང་རིགས་ཀྱི་སྐོར་བྲོ་འཁྲབ་པ་དང་མེ་ཕུང་སྦར་ནས་དགོང་ཚོགས་འཚོགས་པ་བཅས་བྱ་འགུལ་སྤེལ་བ་རེད།།
  • ལེ་ཚན་སྔོན་མ།:འོ་སེ་ཇ་ཡི་ཐོན་ལས་སྤེལ།ཞིང་འབྲོག་མི་དམངས་ཕྱུག་པོར་ཆགས།  
  • ལེ་ཚན་རྗེས་མ།:ཡོང་འཕར་གྱི་ལམ་བུ་བཙལ་ཏེ། འབྱོར་འབྲིང་གི་ཕྱོགས་སུ་སྐྱོད།
  • དོ་སྣང་ཆེ་བའི་རྩོམ།