རང་ཁུལ་དང་ཆིན་ཧྭ་སློབ་ཆེན་གྱིས་མཉམ་ལས་སྐོར་ལ་གྲོས་མོལ་བྱས། 

ལྷ་འཛོམས་ཀྱིས་བསྒྱུར།        2015-05-11

ཟླ་བ5པའི་ཚེས6ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཆིན་ཧྭ་སློབ་ཆེན་དུ་ཕེབས་ནས་དཀར་མཛེས་ཁུལ་དང་ཆིན་ཧྭ་སློབ་ཆེན་གྱིས་མཉམ་ལས་བྱ་རྒྱུའི་སྐོར་ལ་གྲོས་མོལ་བྱས་པས་མ་ཚད།ད་དུང་ཆིན་ཧྭ་སློབ་ཆེན་གྱི་སྤྱི་པའི་དོ་དམ་སློབ་གླིང་སྙན་ཞུ་ཁང་དུ་ཕེབས་ནས་ཆིན་ཧྭ་སློབ་ཆེན་གྱི་དགེ་སློབ་རྣམས་ལ《གངས་རིའི་འདབས་སུ་བཞག་པའི་བྱས་རྗེས་ཞེས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མང་ཚོགས་ལས་ཀ་ལག་ལེན་སྙན་ཞུ》ཡིས་ཁ་བྱང་བྱས་ཏེ་ཆེད་དོན་འཆད་ཁྲིད་གནང་བ་རེད།བཞུགས་མོལ་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀས་ཤེས་ལྡན་མི་སྣ་དང་དབུལ་སྐྱོར་།ཚན་རྩལ་བཅས་མཉམ་ལས་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་རེད།2014ལོའི་ཟླ་བ11པར་རང་ཁུལ་དང་ཆིན་ཧྭ་སློབ་ཆེན་གྱིས་མཉམ་ལས་བྱ་རྒྱུའི་གྲོས་གཞི་བཞག་པ་དང་།མིག་སྔར་སླེབས་དུས་སློབ་གྲྭ་དང་ཁུལ་མཉམ་ལས་ལས་ཀ་ལེགས་པོ་གྲུབ་པས།རིགས་ཆེན་དགུའི་རྣམ་གྲངས་ཆུང་ངུ20ཡི་མཉམ་ལས་ནང་དོན་གཏན་ཁེལ་བྱས་པ་རེད།།          
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དུས་ཚིགས་དང་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར27ལས་བརྒལ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་དཀའ་ངལ་ཅན་གྱི་མི་སྣ་ལ་ལས་ཞུགས་ལམ་བུ་གསར་འབྱེད་བྱས།  
  • དོ་སྣང་ཆེ་བའི་རྩོམ།