རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཤིན་ཏུ་དབུལ་པོའི་བོད་རིགས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-08-14

    ཉེ་ཆར། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་རྒྱུ་ཡིས་བརྗོད་བྱ་གཙོ་བོ་བྱས་པའི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་ནས་འགན་འཁྲི་ཕྲག་ཏུ་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་བྱ་རྒྱར་དམ་འཛིན་བྱེད་པའི་སྤྱིའི་བླང་བྱ་དེ་མཐོ་སྒང་གི་བོད་རིགས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། དབུལ་ཐར་གྱི་འདུ་ཤེས་བརྟན་པོ་དང་དབུལ་ཐར་གྱི་འགན་འཁྲི་ནན་པོ། དབུལ་ཐར་གྱི་བརྒྱུད་རིམ་ཏན་ཏིག དབུལ་ཐར་གྱི་འབྲས་བུ་དངོས་སུ་ཐོབ་པར་འགན་ལེན་བྱས་པ་རེད།

    གཅིག་ནི་ཐོག་མའི་བསམ་འདུན་མི་བརྗེད་ནས་དམིགས་ཡུལ་གཅིག་གི་ལས་འགན་བློ་ཐག་རྦད་བཅད་ཀྱིས་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས། དཀར་མཛེས་ཁུལ་གྱི་རྫོང﹙གྲོང་ཁྱེར﹚18ཚང་མ་ཤིན་ཏུ་དབུལ་པོའི་རྫོང་ཡིན་ལ། 2013ལོའི་ལོ་མཇུག་ཏུ་ངོས་འཛིན་བྱས་ནས་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་གྲོང་སྡེ1360དང་དབུལ་པོའི་མི་འབོར51775 དུད་ཚང་དང་མི220289ཡོད་པས། དབུལ་པོ་བྱུང་ཚད་བརྒྱ་ཆ23.17ལ་ཟིན་པ་རེད། ལོ5རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་དབུལ་པོའི་མི་འབོར་ཁྲི22.03ནས་ཁྲི18.9ཡི་ཐོག་མར་ཆག་པ་དང་། དབུལ་པོའི་གྲོང་སྡེ1306ནས251གི་ཐོག་མར་ཆག་པ། དབུལ་པོ་རྫོང18ནས6གི་ཐོག་མར་ཆག་པ། དབུལ་པོ་བྱུང་ཚད་བརྒྱ་ཆ23.17ནས་བརྒྱ་ཆ3.52ཀྱི་ཐོག་མར་ཆག་ཡོད་པ་རེད། དབུལ་ཕོངས་གཅོང་ནད་ཀྱི་མདུན་དུ་རང་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་ནས་འབད་འབུངས་མདུན་སྐྱོད་བྱས་ཏེ། 2019ལོར་དབུལ་པོར་ལྷག་པའི་རྫོང12ཀྱི་དབུལ་ཞྭ་ཕུད་པ་དང་གྲོང་སྡེ251དབུལ་པོ་ལས་ཕྱིར་འཐེན་པ། དུད་ཚང7161གི་མི31242དབུལ་ཐར་བཅས་ལེགས་གྲུབ་བྱ་རྒྱུ་དང2020ལོར་སླེབས་སྐབས་དུད་ཚང590ཡི་མི2218དབུལ་ཐར་ཐུབ་པར་བྱ་རྒྱུ་ཡིན་པར་མ་ཟད། སྲ་བརྟན་དང་རིམ་སྤོར་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    གཉིས་ནི་འགན་འཁྲི་འཁུར་ནས་འགན་འཁྲི་གསུམ་གྱི་གཙོ་ཕྱོགས་དམ་འཛིན་ནན་ཏན་བྱ་དགོས། གཅིག་ནས་མ་སླེབས་སར་མེད་པའི་འགན་འཁྲིའི་མ་ལག་རྒྱུན་མཐུད་དུ་བཟོ་འགོད་བྱ་དགོས། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་འགོ་ཁྲིད580དང་རོགས་སྐྱོར་སྡེ་ཚན1387གྲོང་སྡེར་བཅའ་སྡོད་ལས་སྒྲུབ་ཚོ་ཆུང1360བཅས་ཀྱིས་གྲོང་སྡེ་དབུལ་པོར་འབྲེལ་གཏུག་བྱེད་མཁན་མངགས་གཏོང་བྱ་རྒྱུ་དོན་འཁྱོལ་བྱས་པ། གྲོང་སྡེ་དབུལ་པོར་བཅའ་སྡོད་ལས་སྒྲུབ་པ2754མངགས་གཏོང་བྱ་རྒྱུ་དང་དབུལ་པོ་གྲོང་སྡེར་བཅའ་སྡོད་ཞིང་ལས་ལག་རྩལ་པ1128མངགས་གཏོང་བྱ་རྒྱུ་དོན་འཁྱོལ་བྱས་པ་རེད། ཁུལ་རིམ་པའི་འགོ་ཁྲིད་ཀྱིས་དབུལ་ཕོངས་རྫོང﹙གྲོང་ཁྱེར﹚18ལ་འབྲེལ་གཏུག་བྱ་རྒྱུ་དང་ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ཀྱིས་དབུལ་ཕོངས་གྲོང་སྡེ1360ལ་འབྲེལ་གཏུག་བྱ་རྒྱུ། གཞུང་དོན་ལས་སྒྲུབ་པ་དང་ལྔ་གཅིག་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཀྱིས་དབུལ་པོ་དུད་ཚང51775དང་འབྲེལ་གཏུག་བྱ་རྒྱུ་བཅས་ཡོངས་ཁྱབ་ཏུ་དོན་འཁྱོལ་བྱས་པ་རེད། གཉིས་ནས་ཆེས་དཀའ་བའི་གནད་དོན་ལ་འགག་སྒྲོལ་སྟོབས་ཤུགས་རྒྱུན་མཐུད་ངང་སྣོན་དགོས། ཁུལ་རིམ་པའི་འགོ་ཁྲིད་དང་གནས་སྦྱར་ལས་བྱེད་པ་མངག་གཏོང་བྱེད་ཚད་མང་དུ་བཏང་ནས་དབུལ་ཞྭ་ཕུད་རྒྱུའི་དབུལ་པོའི་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་ཀར་འབྲེལ་གཏུག་མཛུབ་ཁྲིད་བྱས་པ་རེད། ཉག་ཆུའི་སྟོད་རྒྱུད་ཀྱི་རྫོང་ཁག4ཡི་འབྲེལ་མཚམས་ས་ཁུལ་གྱི་ཤིན་ཏུ་དབུལ་པོའི་ཡུལ་ཤོག24ལ་ཁུལ་རིམ་པའི་འགོ་ཁྲིད24དང་ཁུལ་རིམ་པའི་སྡེ་ཁག72གྲོང་སྡེར་བཅའ་སྡོད་ལས་སྒྲུབ་རུ་ཁག་གི་རུ་མི114མངག་གཏོང་བྱས་ནས་འགག་སྒྲོལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། དབུལ་ཐར་དང་དབུལ་ཞྭ་ཕུད་པའི་ལས་ཀ་དུས་ཐོག་ཏུ་མངོན་འགྱུར་བྱ་རྒྱུར་འགན་ལེན་བྱ་དགོས། གསུམ་ནས་ལས་གྲྭ་དང་པོ་ལྔའི་ལས་ཀའི་ལམ་སྲོལ་རྒྱུན་མཐུད་དུ་དོན་འཁྱོལ་བྱ་དགོས། ཁུལ་རིམ་པའི་འགོ་ཁྲིད་ལས་གྲྭ་དང་པོར་ཕྱིན་ནས་རོགས་སྐྱོར་སྟོབས་ཤུགས་ལས་གྲྭ་དང་པོར་ཕྱོགས་ལྷུང་བྱས་ཤིང་། ཡུལ་ཤོག་གི་སྟོབས་ཤུགས་ལས་གྲྭ་དང་པོར་བརྟན་སྲུང་བྱེད། གྲོང་སྡེར་བཅའ་སྡོད་ལས་སྒྲུབ་རུ་ཁག་ལས་གྲྭ་དང་པོར་གཏན་སྡོད་བྱེད། ལས་ཀའི་གཙོ་གནད་ལས་གྲྭ་དང་པོར་གཅིག་སྡུད་བྱེད་པའི་ལས་གྲྭ་དང་པོ་ལྔའི་ལས་ཀའི་བྱ་ཐབས་ལག་ལེན་བསྟར་ནས་ལས་གྲྭ་དང་པོའི་ལས་ཀ་ཏན་ཏིག་ངང་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས།

    གསུམ་ནི་ཧེ་བག་བཙལ་ནས་དུས་རིམ་གསུམ་གྱི་སྐོང་འཐེན་ཞིབ་བཤེར་བཀོལ་སྤྱོད་དང་གནད་དུ་འཁེལ་བ་བྱ་དགོས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་ཕྱིར་མིག་བལྟས་པའི་སྐོང་འཐེན་ཞིབ་བཤེར་ཆེན་པོར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་གསལ་རྟོགས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏང་དགོས་པ་རེད།

    བཞི་ནི་དོན་འཁྱོལ་ལ་དམ་འཛིན་དང་བྱ་ཐབས་གསུམ་གྱི་འགག་སྒྲོལ་ལ་དམ་འཛིན་ཏན་ཏིག་བྱ་དགོས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམིགས་ཏེ་ཡུལ་བབ་དང་བསྟུན་པ་དང་བྱ་ཐབས་ཕྱོགས་བསྡུས། གནད་སྨིན་ཤུགས་འདོན་བཅས་བྱས་ནས་དབུལ་ཐར་བྱུང་ནས་དབུལ་ཞྭ་ཕུད་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏང་དགོས། གཅིག་ནས་འབབ་འཕར་བརྟན་པོ་ཡོང་རྒྱུར་དམིགས་ནས་འགག་སྒྲོལ་རྒྱུན་མཐུད་བྱ་དགོས་པ་དང་། གཉིས་ནས་རྨང་གཞིའི་འཛུགས་སྐྲུན་ལ་དམིགས་ནས་འགག་སྒྲོལ་རྒྱུན་མཐུད་བྱ་དགོས། གསུམ་ནས་ཡུག་སྦྲེལ་དབུལ་ཕོངས་ལ་དམིགས་ནས་འགག་སྒྲོལ་རྒྱུན་མཐུད་བྱ་དགོས་པ་རེད།།


  • ལེ་ཚན་སྔོན་མ།:གེ་སར་རྟོག་ཞིབ་པས་ཡུལ་ཤུལ། མགོ་ལོག ཀན་ལྷོ་སོགས་སུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་རང་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུར་གསུངས་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།