སེར་ཤུལ་རྫོང་གིས་ཨོ་རྒྱན་པད་འབྱུང་གི་ཐང་ག་སྤུས་ལེགས་བརྒྱ་འགྲེམ་སྟོན་བྱས།

སྐལ་ཐུབ་ཀྱིས་བསྒྱུར།        2019-07-31

    སྤྱི་ཟླ7པའི་ཚེས26ཉིན།  སེར་ཤུལ་རྫོང་གིས་སེར་ཤུལ་རྫོང་རིག་གནས་ལུས་རྩལ་བྱེད་སྒོ་ལྟེ་གནས་སུ2019ལོའི་ཀྲུང་གོའི་སེར་ཤུལ་ཏེ་བྱང་སྡེ་ཉི་མའི་སྦྲ་གུར་དུས་ཆེན་གྱི་བྱེད་སྒོའི་ཡ་གྱལ་དུ་གྱུར་པའི་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཐང་སྟོང་ལས་ཐང་ག་སྤུས་ལེགས་བརྒྱ་འགྲེམས་སྟོན་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་ཡུལ་དངོས་སུ་ཕེབས་ནས་གཟིགས་སྐོར་གནང་བ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་འགྲེམས་སྟོན་བྱས་པའི་ཐང་ག་རྣམས་ནི་ཨོ་རྒྱན་པད་འབྱུང་གི་ཐང་སྟོང་ལས་གཞི་ཚོགས་པས་ལོ14རིང་གི་དུས་ཡུན་སྤྱད་དེ་གྲུབ་པ་ཡིན་ཞིང་། ལས་གཞི་འདི་ནི་ད་ལྟ་འཛམ་གླིང་ཐོག་གྲངས་འབོར་ཆེས་ཆེ་བའི་ཐང་གའི་ལས་གཞི་ཞིག་ཡིན་ལ། ཐང་ག1300ཡིས་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཞལ་བཞུགས་པའི་དུས་རབས་ཀྱི་ཧི་མ་ལ་ཡའི་ས་ཁུལ་གྱི་དམངས་སྲོལ་དང་རིག་གནས། སྒྱུ་རྩལ། ལོ་རྒྱུས། ས་གཤིས་བཅས་ཀྱི་རྣམ་པ་ཕྱོགས་བསྡུས་ཀྱིས་མཚོན་ཡོད་པ་རེད།

    ལས་གཞིའི་སྤུས་ཚད་ལ་ཁག་ཐེག་ཡོང་ཆེད། ཐང་ག་གསར་རྩོམ་བྱེད་པའི་སྐབས་སུ་མཁས་དབང་ཐུབ་བསྟན་ཉི་མ་དང་དོར་ཞི་རིན་པོ་ཆེ། འཇམ་དཔལ་རྒྱ་མཚོ་སོགས་ཆེད་རམས་པ30ལྷག་ལས་གཞིའི་བློ་འདྲི་བ་གདན་འདྲེན་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:2019ལོའི་ལི་ཐང་རྟ་རྒྱུག་དུས་ཆེན་འགོ་ཚུགས།​
  • ལེ་ཚན་རྗེས་མ།:ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།