དབྱངས་ཅན་གྱིས་བསྒྱུར། 2019-07-31
རླབས་ཆེན་གྱི་མེས་རྒྱལ་ལོ70འཁོར་བའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཉིན་མོ་སླེབས་གྲབས་ཡོད་སྐབས། ཉེ་ཆར། ཕྱག་ཕྲེང་རྫོང་གིས་བློ་སེམས་ཏང་ལ་གཏད། ཕྱུག་འགྱུར་ཏང་གི་དྲིན་ཞེས་པའི་མང་ཚོགས་ཀྱིས་བརྩམས་པའི་འཁྲབ་ཚན་ཆུང་བའི་འགྲན་བསྡུར་ཆེན་པོ་བྱས་ནས། ཕྱག་ཕྲེང་རྫོང་གི་བུ་དང་བུ་མོ་ཚོས་རྒྱལ་ཁབ་དང་ཕ་ཡུལ་ལ་གཅེས་པའི་བརྩེ་སེམས་ཟབ་མོ་མཚོན་ནས། རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་ཕུལ་ཏེ་སྔར་ལས་ལྷག་པར་མི་རིགས་ཁག་དང་ལས་རིགས་ཁག་གི་འབད་པ་ལྷུར་ལེན་གྱི་ནུས་པ་གཅིག་ཏུ་བསྒྲིལ་བ་རེད།
རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ12དང་ལྕགས་ཟམ་རྫོང་གི་བོད་སྐྱོར་ལས་བྱེད་པ་བསྡོམས་པས་དཔུང་སྡེ13གྱིས་འཁྲབ་ཚན་ཆུང་བའི་བྱེད་སྟངས་བརྒྱུད་ནས། དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་སྤེལ་གཏོང་བའི་ཐབས་ཇུས་སྐུལ་འདེད་གཏོང་རིང་གི་ལོ་རྒྱུས་དང་། གྲོང་ཡུལ་འཕེལ་རྒྱས་གཏོང་བའི་འགྱུར་ལྡོག་གསར་པ་མངོན་པ་དང་། དྲང་ནུས་ཀྱི་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ཀྱི་དར་སྲོལ་སྣེ་ཁྲིད་དང་འཕེལ་རྒྱས་གཏོང་བའི་ནུས་ཤུགས་གོང་བུར་གཅིག་ཏུ་འགྲིལ་བ་རེད། འགྲན་བསྡུར་ནང་ཞུགས་པའི་དཔུང་སྡེས་མང་ཚོགས་ཀྱིས་རྟོགས་སླ་བའི་ཡུལ་སྐད་དང་འཚོ་གནས་བྱ་ཡུལ་དང་འཕྲོད་པའི་གཏམ་རྒྱུད་ཐོག་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་སྤེལ་གཏོང་བའི་སྲིད་ཇུས་སྒྲོག་འགྲེལ་བྱས་པར་མ་ཟད། ད་དུང་དབུལ་སྐྱོར་གྱི་གྲུབ་འབྲས་དང་གྲོང་སྡེ་དར་སྤེལ་གཏོང་བའི་ཕན་འབྲས་བཟང་པོ་གསལ་སྟོན་བྱས་པ་རེད།
འགྲན་བསྡུར་ནང་ཞུགས་པའི་དཔུང་སྡེ་སོ་སོས་རང་ཉིད་ཀྱིས་བརྩམས་པའི་འཁྲབ་ཚན་གྱི་རྒྱུ་ཆ་ཚང་མ་ཆ་སྒྲིག་ཉེ་འཚོལ་གྱི་ལས་བྱེད་པས་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་གཏོང་རོགས་དང་། མང་ཚོགས་དབུལ་ཕོངས་ཀྱི་ནང་གནས་སྒུལ་ཤུགས་ལ་སྐུལ་མ་གཏོང་ཞིང་། ཕྱུག་འགྱུར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་གཏམ་རྒྱུད་དང་དེ་མ་ཟད་གྲོང་ཡུལ་འཕེལ་རྒྱས་གཏོང་བའི་འགྱུར་ལྡོག་དང་མཐོང་ཐོས་དྲན་རེག་ནས་ཐོན་པ་ཡིན་པས། འཁྲབ་ཚན་དེ་དགོད་བྲོ་བའི་གཏམ་སྤྱོད་ཐོག་ནས་གཟིགས་མོ་བ་ཚོའི་མིག་དབང་འཕྲོག་པ་རེད།
མང་ཚོགས་རང་བཞིན་གྱི་འཁྲབ་ཚན་ཆུང་བའི་འགྲན་བསྡུར་དེས་ཡུལ་དེའི་རིག་གནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཐུབ་ལ། ཕ་ཡུལ་གྱི་ཤེས་ལྡན་མི་སྣའི་རིག་རྩལ་སྔོག་འདོན་དང་གསོ་སྐྱོང་བྱེད་ཐུབ་པ་དང་ཆབས་ཅིག ད་དུང་ལས་བྱེད་མང་ཚོགས་ཀྱི་ལས་ལམ་གསར་གཏོད་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་གཏོང་ནུས་པ་རེད་ཅེས་བྱེད་སྒོའི་སྒྲུབ་གཉེར་སྡེ་ཚན་གྱི་འགན་ཁུར་མི་སྣས་དེ་ལྟར་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཕྱག་ཕྲེང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་དམངས་ཕན་སྲིད་ཇུས་ལག་བསྟར་ནན་པོར་བྱས་ཤིང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་རྫོང་ཨུའི12463གྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་པ་གཅིག་མཐུན་ངང་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་བསྐྱོད་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10