
ཉེ་ཆར།སེར་ཤུལ་རྫོང་སེར་ཤུལ་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་རོང་བྲག་དང་རྟའུ། དཀར་མཛེས། བྲག་འགོ་སོགས་ཀྱི་སྤྲུལ་སྐུ་དང་དགེ་བཤེས། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་སྒྲུབ་པ་བཅས་མི་སྣ15ལས་གྲུབ་པའི་ལས་ཀའི་ཚོ་ཆུང་དཔལ་ཡུལ་རྫོང་དུ་ཡོང་ནས་ལྔ་གཉིས་གསུམ་གྱི་སློབ་སྦྱོང་སློབ་གསོའི་ལས་ཀར་ཞིབ་བཤེར་ཁྲིད་སྟོན་བྱས་པ་རེད།ལས་ཀའི་ཚོ་ཆུང་གི་ལས་སྒྲུབ་མི་སྣ་སྔོན་རྗེས་སུ་ཨ་ཚབ་གྲོང་རྡལ་དང་ཡ་ཆེན་དགོན། རྡོ་མཁོ་དགོན། ཁམས་དབུས་དགོན། དཔལ་ཡུལ་དགོན། ཀཿཐོག་དགོན་བཅས་ལ་ཕྱིན་ནས་དགོན་པ་སོ་སོའི་གྲྭ་བཙུན་གྱི་གྲངས་ཀ་དང་བསམ་བློའི་འགྱུར་ཚུལ། རྨང་གཞིའི་འཛུགས་སྐྲུན། སྒྲིག་ཆས་དོ་དམ། སྒྲིག་གཞི་སྒྲིག་སྲོལ། ལྔ་གཉིས་གསུམ་གྱི་བྱ་འགུལ་སྤེལ་ཚུལ་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་རྒྱུས་ལོན་བྱས་པར་མ་ཟད།ད་དུང་དགོན་པ་སོ་སོའི་སྐྱེས་ཆེན་བླ་སྤྲུལ་དང་མཛའ་བརྩེའི་ངང་ནས་བཞུགས་མོལ་མཛད།བཞུགས་མོལ་གྲོས་ཚོགས་ཐོགལྔ་གཉིས་གསུམ་གྱི་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བར་བརྒྱུད་བོད་བརྒྱུད་ནང་བསྟན་དགོན་པའི་ཡུན་ཕན་ནང་རྐྱེན་འཛུགས་པར་སྐུལ་སྤེལ་དང་།རང་ཉིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་།ནང་བསྟན་སྒྲིག་རིམ་ཚད་ལྡན་བྱེད་པ་དང་།རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་པ།གྲྭ་བཙུན་ཡོངས་ཀྱི་ཧུར་སྐྱེད་ཡར་བརྩོན་གྱི་བསམ་པ་དར་སྤེལ་གཏོང་བ།མཐུན་སྒྲིལ་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན།ཆབ་སྲིད་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་ནང་ཞུགས་ཏེ།མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་འཚོ་སྲུང་བྱེད་ཆེད་དང་ནང་བསྟན་ཁྱབ་ཁོངས་ནང་གི་བརྟན་བརླིང་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ་བཅས་ལ་བྱས་རྗེས་ཆེན་པོ་འཇོག་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་པ་རེད།སྤྲུལ་སྐུ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་དཔལ་ཡུལ་རྫོང་གི་དགོན་པ་ཁག་ལ་རྒྱལ་གཅེས་ཆོས་གཅེས་དང་གྲྭ་བཙུན་ལེགས་སྐྱོང་།བསྟན་པ་རྒྱས་ཤིང་བྱམས་དང་སྙིང་རྗེས་ཕྱུག་པ།སེམས་ཅན་ལ་བདེ་བ་སྐྲུན་པའི་གནས་མཆོག་ཏུ་བསྒྱུར་དགོས།ནང་བསྟན་མཐུན་ཚོགས་ནི་ཏང་ཨུ་དང་སྲིད་གཞུང་གིས་ཆོས་ལུགས་མི་སྣར་འབྲེལ་བ་བྱེད་སའི་ཟམ་པ་ལྟ་བུ་དང་ཁུལ་ཡོངས་ཀྱི་གྲྭ་བཙུན་རྣམས་ཀྱིས་ཡིད་ཆེས་ཆོག་པའི་ནང་བསྟན་གྱི་ཁྱིམ་གཞིས་ཤིག་ཏུ་བསྒྱུར་དགོས་ལ།ནང་བསྟན་གྱི་ཁྱབ་ཁོངས་སྒྲིག་ཁྲིམས་ཀྱི་ལམ་ལུགས་ལ་བརྟེན་ནས་དོ་དམ་དང་བྱ་བ་བསྒྲུབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་དང་།ནང་བསྟན་ལས་རིགས་སུ་དགའ་ཞེན་ལྔ་དང་བསྲུང་བྱ་གཉིས།འགན་ཁུར་གསུམ་གྱི་བསམ་བློའི་བྱ་སྤྱོད་གཉིས་ལྡན་བྱས་ཏེ་ཐུགས་མཐུན་ཁྲིམས་གཙང་དང་ཚད་ལྡན་ཚུལ་མཐུན།ལྟ་སྤྱོད་ཡང་དགརྒྱལ་གཅེས་ཆོས་གཅེས་སོགས་ཀྱི་དམིགས་ཡུལ་གཙོ་བོ་འགྲུབ་ཐུབ་དགོས་པ་བཅས་ནན་གསུང་གནང་བ་རེད།།