དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་གིས་དམར་དམག་རྒྱང་སྐྱོད་ལམ་དུ་སླར་ཡང་སྐྱོད་ཅིང་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་འབུལ་བྱེད་པའི་བྱེད་སྒོ་རབ་རིམ་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2019-07-24

   

དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་གིས་དམར་དམག་རྒྱང་སྐྱོད་ལམ་དུ་སླར་ཡང་སྐྱོད་ཅིང་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་འབུལ་བྱེད་པའི་བྱེད་སྒོ་རབ་རིམ་སྤེལ།

   གསར་བརྗེའི་སྔོན་རབས་པའི་བྱས་རྗེས་རླབས་ཆེན་ལ་དྲན་གསོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བཅས་བྱ་རྒྱུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཟླ་བ7པའི་ཚེས17ཉིན། དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་གིས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་དམར་དམག་རྒྱང་སྐྱོད་བྱེད་གནས་འབོ་ཞབས་ཚོགས་འདུའི་རྗེས་ཤུལ་ལ་ལྟ་སྐོར་བྱས་ནས་དམར་དམག་རྒྱང་སྐྱོད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་། མེས་པོ་ཚོའི་འོད་སྟོང་འཕྲོ་བའི་ཞབས་རྗེས་འཚོལ་བ། སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་དྲན་རྗེས་བཅས་བྱས་ནས་དཔོན་དམག་གིས་གསར་བརྗེའི་སྔོན་བྱོན་པ་ཚོའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཤིང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་བ་དང་། དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ83འཁོར་བའི་མཚམས་སུ་ཡན་ལག་རུ་ཁག་དེས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེ་རུ་གཏོང་བའི་འགན་འཁྲི་འཁུར་བ་དང་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་རྒྱུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་བྱེད་སྒོ་སྤེལ་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྤུས་ལེགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀོང་ཏུང་དང་ཞང་ཀང་།ཨའོ་མོན་བཅས་སུ་བསྐྱལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ས་གཤིས་གནོད་སྐྱོན་འགོག་སེལ་བྱེད་པའི་འཚུབ་བསྟུན་ནང་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།