རང་ཁུལ་གྱི་མི་སྒེར9དང་ཏང་རྩ་འཛུགས9ཞིང་ཆེན་རིམ་པའི་གཟེངས་བསྟོད་མིང་ཐོའི་ནང་ཚུད།

བདེ་སྐྱིད་ཀྱིས་བསྒྱུར།        2019-07-01

    ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བའི་སྐབས་འདིར། སི་ཁྲོན་ཞིང་ཆེན་ཏང་ཨུས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ། ཕུལ་བྱུང་ཏང་རྩ་འཛུགས་སྔོན་ཐོན་པར་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    སྤྱི་ཟླ6པའི་ཚེས17ཉིན་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན100དང་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ100 སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་གྱི་ཏང་རྩ་འཛུགས200བཅས་ལ་གཟེངས་བསྟོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཁྱབ་བསྒྲགས་མིང་ཐོའི་ནང་རང་ཁུལ་གྱི་མི་སྒེར5སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟེངས་བསྟོད་བྱ་རྒྱུའི་མིང་ཐོའི་ནང་ཚུད་པ་དང་། མི་སྒེར4སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་ཏང་དོན་ལས་སྒྲུབ་པ་གཟེངས་བསྟོད་བྱ་རྒྱུའི་མིང་ཐོའི་ནང་ཚུད་པ། ཏང་རྩ་འཛུགས9སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་ཏང་རྩ་འཛུགས་ཀྱི་གཟེངས་བསྟོད་བྱ་རྒྱུའི་མིང་ཐོའི་ནང་ཚུད་ཡོད་པ་རེད།

    རང་ཁུལ་གྱི་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟེངས་བསྟོད་བྱ་རྒྱུའི་མིང་ཐོའི་ནང་ཚུད་པའི་མི་སྒེར5ཡོད་པ་འདི་ནི་གསེར་ཐར་རྫོང་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི། དབུལ་སྐྱོར་གསར་སྦོལ་ཅུས་ཀྱི་ཅུས་ཀྲང་གཡང་འཛོམས་དང་སེར་ཤུལ་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་ཏུན་ཆིང་། འབའ་ཐང་རྫོང་བྱ་ཁྱུང་ཡུག་ཕྱོགས་ཏང་ཨུའི་ཧྲུའུ་ཅི་རྒྱ་མཚོ། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ལས་རིགས་དོ་དམ་ཁུའོ་ཡི་ཁུའོ་ཀྲང་། ལི་ཐང་རྫོང་ཚོ་གསུམ་ཤང་གི་ཧན་སྒོ་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཀུའོ་ལིན། ཉག་ཆུ་རྫོང་སྤ་སྨྱུག་རོང་ཤང་སྐེད་རི་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བཀྲ་ཤིས་དབང་འདུས་བཅས་རེད། རང་ཁུལ་གྱི་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་ཏང་དོན་ལས་སྒྲུབ་པར་གཟེངས་བསྟོད་བྱ་རྒྱུའི་མིང་ཐོའི་ནང་ཚུད་པའི་མི་སྒེར4ཡོད་པ་དེ་ནི་དར་མདོ་གྲོང་ཁྱེར་གྱི་ཕོག་ཐག་ཤང་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཏེ་ཀུའེ་དང་ཉག་རོང་རྫོང་ཤང་ལང་གཤིས་ཤང་་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཨོའུ་ཞའོ་ལན། བརྒྱད་ཟིལ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཏང་འཛུགས་གཞུང་ལས་ཁང་གི་ཀྲུའུ་རེན་ཧྲེན་ལིན་ཆིང་། སི་ཁྲོན་མི་རིགས་སློབ་གླིང་ཞིང་ལས་སློབ་གླིང་། ལོ་རྒྱུས་རིག་གནས་དང་ཡུལ་སྐོར་སློབ་གླིང་གི་སློབ་མའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་དབྱི་བཅས་རེད། རང་ཁུལ་གྱི་སི་ཁྲོན་ཞིང་ཆེན་སྔོན་ཐོན་ཏང་རྩ་འཛུགས་ཀྱི་གཟེངས་བསྟོད་བྱ་རྒྱུའི་མིང་ཐོའི་ནང་ཚུད་པའི་རྩ་འཛུགས9ནི། ལྕགས་ཟམ་རྫོང་ཅྰ་ཅུན་ཤང་ཧའེ་ཙེ་གྲོང་སྡེའི་ཏང་ཀྲི་པུའུ་དང་སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་ཡུས་ཐུའོ་གྲོང་སྡེའི་ཏང་ཀྲི་པུའུ། དཔལ་ཡུལ་རྫོང་རོང་འགེབས་ཤང་རྩེབ་པ་གྲོང་སྡེའི་ཏང་ཀྲི་པུའུ། ལི་ཐང་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཀྲི་པུའུ། རོང་བྲག་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཏང་ཀྲི་པུའུ། དཀར་མཛེས་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཏང་ཀྲི་པུའུ། སྡེ་རོང་རྫོང་ཝ་ཁ་ཡུལ་ཤོག་ཏང་ཨུ། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཏང་ཀྲི་པུའུ་ཨང་བརྒྱད་པ། དར་མདོའི་ཐེན་ལུང་གློག་ཆས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ཏང་ཀྲི་པུའུ་བཅས་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:བརྩེ་སེམས་ཟབ་མོས་རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་ཕུལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།