རྩྭ་ཐང་དུ་བསྡད་ནས་སྒྲོག་འགྲེལ་ལ་ཉན།

བདེ་སྐྱིད་ཀྱིས་བསྒྱུར།        2019-06-24

རྩྭ་ཐང་དུ་བསྡད་ནས་སྒྲོག་འགྲེལ་ལ་ཉན།

རྒྱ་ཆེ་བའི་མང་ཚོགས་ཀྱིས་ཏང་གི་བཀའ་གཟོ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཆང་ཆེད། ཉེ་ཆར། དཔལ་ཡུལ་རྫོང་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཡུལ་ཤོག་རིམ་པའི་སྒྲོག་འགྲེལ་པ་དང་གྲོང་སྡེ་དབུལ་ཕོངས་ཀྱི་ཧྲུའུ་ཅི་དང་པོ། གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མི་སྒྲིག་འཛུགས་ཧུར་ཐག་བྱས་ནས་དབྱར་རྩྭ་དགུན་འབུ་རྐོ་སར་ཕྱིན་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

སྒྲོག་འགྲེལ་ནི་གོ་བདེ་ཤེས་སླའི་ཁ་སྐད་ཐོག་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གལ་ཆེན། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན། ཏང་གི་དུས་རབས་གསར་པའི་མཛད་ཕྱོགས་སྲིད་ཇུས་བཅས་དྲིལ་བསྒྲགས་བྱས་པ་དང་། གཙོ་གནད་དུ་ཏང་གི་དམངས་ཕན་སྲིད་ཇུས་དང་དབུལ་སྐྱོར་གནད་སྨིན། མི་རིགས་མཐུན་སྒྲིལ། འོས་འགན་སློབ་གསོ། བཟའ་བཅས་ཉེན་མེད། འགྲིམ་འགྲུལ་ཉེན་མེད་སོགས་ཀྱི་ཤེས་བྱ་དང་ཕྱུགས་རིགས་ཀྱི་འགོག་ནད་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་ལ་ད་ལོའི་སྔོན་གྱི་ཟླ་བ5ནང་གཙོ་གནད་ལས་གཞིའི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར101.69གྲུབ།
  • ལེ་ཚན་རྗེས་མ།:བཅོས་བསྒྱུར་དོན་ཐོག་འཁྱོལ་བར་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་ཕྱི་དེ་བས་ཡག་པོ་བསྒྲུབ་རྒྱུར་འགན་སྲུང་བྱེད།
  • དོ་སྣང་ཆེ་བའི་རྩོམ།